ཤེས་རྟོགས་བྱུང་བར་གཞིགས་ན། སྐྱིད་གྲོང་རྫོང་གི་མཐའ་མཚམས་ཚོང་དོན་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་ནི“ཀྲུང་གོ་དང་བལ་ཡུལ་གྱི་གནའ་ལམ་ཕྱི་དྲན། ཡ་གླིང་ལྷོ་མའི་བགྲོད་ལམ་བསྐྱར་གསོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། མཐའ་མཚམས་ཚོང་དོན་རིག་གནས་ཡུལ་སྐོར་སྤེལ་རེས་དང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་གཙོ་ལམ་དུ་བྱས་ནས། མྱོང་རོལ་རང་བཞིན་དང་དེའི་ནང་ཞུགས་པའི་རང་བཞིན། སྒྱུ་རྩལ་རང་བཞིན་གྱི་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་བྱས་པ་སྟེ། བོད་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་རྩེ་གྲ་དང་བལ་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་གཞས་དང་ཞབས་བྲོ་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ལེ་ཚན་འགྲེམས་འཁྲབ་སོགས་འདུས་ཡོད། སྐབས་དེའི་རིང་། བལ་ཡུལ་དང་ཕ་ཁེ་སི་ཐན་གྱི་ཁེ་ལས་དང་། བལ་ཡུལ་དུ་བཅའ་སྡོད་ཀོང་ཏུང་དབྱི་ཝུ་ཚོང་ཚོགས་དང་ཀྲུང་གོའི་ཤུགས་རྐྱེན་ལྡན་པའི་ཚོང་ཚོགས་གདན་ཞུས་ལྟར་སྐྱིད་གྲོང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་ཨེ་ཤ་ཡ་ལྷོ་མའི་ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམས་ཚོང་བྱེད་སྒོར་ཞུགས་པ་རེད།