དྭངས་གཙང་གཏེར་ཆུས་དབུལ་སྐྱོར་གྱི་ཞིང་ས་བརླན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-14



     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འབའ་ཐང་རྫོང་གི་ལོ་ངོ་སྟོང་ཕྲག་བཞུར་བའི་གཏེར་ཆུ་ཧྲོང་ལིའུ་རྫོང་གི་བོད་སྐྱོར་ལས་བྱེད་པའི་འབད་བརྩོན་འོག“དབུལ་སྐྱོར་གཏེར་ཆུར”གྱུར་པ་རེད།
     འབའ་ཐང་རྫོང་གྲོང་ནས་བར་ཐག་སྤྱི་ལེ་60ལྷག་ཙམ་གྱི་བྱང་རྒྱུད་གདོད་མའི་ནགས་ཚལ་དུ་དྭངས་ཤིང་གཙང་བའི་བྲག་ཆུ་ཞིག་འབབ་པ་དེར་ཞིབ་དཔྱད་བྱས་པ་བརྒྱུད་སི་དང་། ཏི་ཚ། སེ། སྭེལ་སྐྱུར་སོགས་ལུས་པོར་ཕན་པ་མ་ཟད། ལྷག་དོན་དུ་སྙིང་ཁམས་ཁྲག་རྩར་ཁྱད་པར་ཕན་པའི་གཏེར་རྒྱུ་ལྡན་པ་ཤེས་རྟོགས་བྱུང་བ་རེད།
     “ཆུ་བོ་དྭངས་གཙང་འདི་འདྲ་ཕན་མེད་དུ་ཟད་འགྲོ་སྐབས་ཧ་ཅང་ཕངས་པོ་འདུག”ཅེས་ཧྲོང་ལིའུ་ཡི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་མིས་བཤད་ཅིང་། ཁོང་གིས་ལས་དོན་རུ་ཁག་འབའ་ཐང་ལ་འབྱོར་རྗེས་ཐོན་ཁུངས་རྒྱུ་ནོར་ལ་ཇི་ལྟར་བསྒྱུར་ཏེ་མང་ཚོགས་དབུལ་པོར་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྒུལ་ཤུགས་སྤྲོད་དགོས་པར་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་བ་ཡིན་ཞེས་བཤད།
     བོད་སྐྱོར་ལས་བྱེད་པས་ཞིབ་དཔྱད་བྱས་འབྲས་ཁྱེར་ཏེ་འཐུང་ཆུ་ཐོན་སྐྱེད་ཁེ་ལས་8ལ་བསྐྱོད་ཀྱང་མང་ཆེ་བས་འབའ་ཐང་ཐག་རིང་ལུང་ཁུག་ཡིན་པར་བསམས་ཏེ་ཡོང་འདོད་བྱེད་ཀྱི་མེད། མཐར་ཧྲོང་ལིའུ་འབྲོག་རི་གཏེར་ཆུ་ཚད་ཡོད་ཀུང་སིས་བོད་སྐྱོར་ལས་བྱེད་པའི་ངོ་མ་གཅོག་པར་ལྟ་བར་ཡོང་བ་མ་ཟད་ལམ་སེང་མ་རྩ་གཏོང་བའི་ཐག་བཅད།
     ཆུ་འགོ་མུའུ་ཁྲི་20ཡི་ཨོ་འཕགས་ཤིས་གདོད་མའི་ནགས་ཚལ་འབའ་ལུང་ཤུར་དུ་གནས་ཡོད་པས་མིའི་རིགས་ཀྱི་གཏོར་སྐྱོན་ཕོག་མེད་པས། ལོ་ངོ་སྟོང་གི་ཤུག་སྡོང་གང་སར་མཐོང་རྒྱུ་ཡོད་ལ་ནགས་གསེབ་ཏུ་རྦབ་ཆུ་ཤང་ཤང་ངང་འབབ་པའི་ཤུལ་དུ་རྡོ་ལེབ་ཀྱང་གསལ་པོར་མཐོང་ལ་གནམ་སྔོ་ཆུ་དྭངས་གཅིག་ལ་གཅིག་རྒྱན་གྱིས་སུམ་རྩེན་མི་ཡུལ་དུ་འཕོས་པ་ལྟར་སྣང་།
    འབའ་ཐང་རྫོང་གསུམ་མདོ་ཤང་གི་ཡུལ་མིས་འདི་གར་རི་སྐྱེས་སྲོག་ཆགས་ཕུད། ཕྱི་མི་ཧ་ཅང་ཡོང་དཀོན་པས་རི་སྐྱེས་ཨ་བྷི་ཥ་དང་ཙི་ཏྲ་ཀ་སོགས་སྨན་རྩྭ་འབེལ་པོ་ཡོད་པ་མ་ཟད། གཏེར་ཆུ་དེ་ཡན་ལག་བརྒྱད་ལྡན་གྱི་ཆུ་ཞིག་རེད་ཅེས་ཤོད་ཀྱི་ཡོད།
    ཆུ་ཐོན་སྐྱེད་ཀྱི་འཁོར་ཁང་དེ་ཆུ་འགོ་ནས་སྨད་རྒྱུད་བར་སྤྱི་ལེ་10ཙམ་གྱི་སར་གནས་པའི་གསུམ་མདོ་ཤང་སྦམ་གཤིས་སྨད་གྲོང་ཚོར་གནས་ཤིང་། ཁྱོན་མ་དངུལ་སྒོར་ཁྲི་2000བཏང་ནས་འདི་ལོའི་ཟླ་7པར་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། གཏེར་ཆུའི་འཁོར་ཁང་དུ་ཁྲིད་ནས་ལས་རིམ་མང་པོ་བརྒྱུད་འབུ་ཕྲ་མེད་པའི་འགྱིག་དམ་ནང་བླུགས་པ་དང་། འབྲེལ་ཡོད་ལས་རིམ་གཞན་དག་རིམ་པ་1000ལ་སླེབས་ཀྱི་ཡོད་པས་གཏེར་རྒྱུ་མ་ཤོར་བར་རང་བྱུང་ལྷད་མེད་ཅིག་ཏུ་འགྱུར་གྱི་ཡོད།
     ཆུ་ཐོན་སྐྱེད་ཀྱི་འཁོར་ཁང་དེ་ས་བབ་མཐོ་ཚད་སྨི་3180ཡས་མས་སུ་ཡོད་པ་མ་ཟད་རྒྱལ་ལམ་318ཀྱི་འགྲམ་དུ་གནས་པ་དང་། བཙོག་སྐྱོན་ཕོག་མེད་ལ་རང་བྱུང་ཡིན་པས་གཏེར་ཆུའི་ཚོང་རྟགས་ལ་ཚང་མའི་ཁ་ལ་འཇགས་བདེ་བའི“གསུམ་གཅིག་བརྒྱད་ཀླད་ཀོར”ཞེས་མིང་བཏགས་ཡོད།
     “གསུམ་གཅིག་བརྒྱད་ཀླད་ཀོར”ནི“དབུལ་སྐྱོར་གྱི་གཏེར་ཆུ”དང“ཕྱུག་འགྱུར་གྱི་གཏེར་ཆུ”ཞིག་ཡིན་པས་གྲོང་མིར་དེ་ནས་ཡོང་འབབ་ཁག་བཞི་ཐོབ་ཀྱི་ཡོད་དེ། གྲོང་མིའི་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་བཟོ་ཁང་གསུམ་མདོ་ཤང་སྦམ་གཤིས་སྟོད་སྨད་སོགས་གྲོང་ཚོ་7གྱིས་ཐོན་སྐྱེད་འཕེལ་རྒྱས་ཀྱི་འཁོར་རྒྱུག་མ་དངུལ་སྒོར་ཁྲི་150སྤྱད་དེ། འཛུགས་སྐྲུན་བྱས་པ་མ་ཟད“གསུམ་གཅིག་བརྒྱད་ཀླད་ཀོར”གཏེར་ཆུ་བཟོ་གྲྭར་བོགས་མར་བཏང་བས་གྲོང་མིར་ལོ་རེར་ཁེ་གཙང་བོགས་གླ་སྒོར་ཁྲི་8ཡོང་གི་ཡོད་པ་དང་། གྲོང་ཚོ་6གིས་ཐོན་སྐྱེད་འཕེལ་རྒྱས་ཀྱི་ཐེབས་རྩ་སྒོར་ཁྲི་150མ་རྐང་ལ་བཞག་པ་ཀུང་སིའི་མ་རྐང་གི་གསུམ་ཆ་གཅིག་ཟིན་པ་དང་ལོ་མཇུག་ཏུ་ཁེ་འབབ་རག་གི་ཡོད། མི་སེར་ཚོས་ཀུང་སིར་ལས་ཀ་བྱེད་པར་མི་རེར་ཟླ་རེར་གླ་ཆ་སྒོར་4000ཡོང་གི་ཡོད། ཕྱིར་ཚོང་བྱེད་པའི་ཐོན་རྫས་ཆུ་ཟོམ་རེར་སྒོར་1དང་འགྱིག་དམ་རེར་སྒོར་0.1གི་ཚད་གཞི་བྱས་ཏེ་དབུལ་སྐྱོར་ཐེབས་རྩ་བསགས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱོད་ཀྱི་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཁེ་ལས་དེ་དང་གཞུང་ཁོངས་མཁའ་འགྲུལ་ཀུང་སི་ཆེ་གྲས་ཤིག་དབར་གྲོས་མཐུན་རགས་ཙམ་བྱུང་ཞིང་། གཏེར་ཆུ་མཁའ་འགྲུལ་གྱི་སྤྱོད་ཆུར་གཏན་འཁེལ་བྱ་རྒྱུ་ཡིན་པས་སྐབས་དེ་དུས་འབའ་ཐང་གི་དྭངས་གཙང་གཏེར་ཆུ་འཛམ་གླིང་ཡོངས་སུ་ཁྱབ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1