ཉག་རོང་རྫོང་གིས་མེ་འགོག་ཉེན་མེད་ཀྱི་དྲ་བ་སྲ་བརྟན་བཏང་།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-16


 
     སྟོན་ཁ་ཤར་བ་ནས་བཟུང་ཉག་རོང་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀ་སྔ་སྣུར་བཀོད་སྒྲིག་དང་དོན་འཁྱོལ་བྱས་ཏེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱེད་ཐབས་དོན་འཁྱོལ་དང་འགོག་ཟོན་བྱ་རྒྱུར་ཁག་ཐེག་བྱས་པ་རེད།
     མེ་འགོག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་སྲུང་འགན་འཁྲི་དོན་འཁྱོལ་བྱས། དགུན་དཔྱིད་དུས་ཚིགས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀའི་གྲོས་ཚོགས་འཚོགས་ནས།མེ་འགོག་གི་འགན་འཁྲིའི་ཡི་གེ་ཁྲི5.5སྣོལ་འཇོག་བྱས་ཤིང་། ནགས་ཚལ་མེ་འགོག་གི་ཆེད་དོན་གསོ་སྦྱོང་ཐེངས178བྱས་པ། སློབ་གསོ་ཐེབས་པའི་མི་གྲངས་ཁྲི5ལྷག་ཡོད་པ། དྲིལ་བསྒྲགས་སྦྱར་ཡིག350ལྷག་སྦྱར་བ།རིགས་སྣ་ཚོགས་ཀྱི་ནགས་ཚལ་མེ་འགོག་གི་ཡི་གེ་ཁྲི2.54བཀྲམ་པ་རེད།
    མེ་གསོད་རུ་ཁག་སྒྲིག་འཛུགས་བྱས་ཏེ་མེ་འགོག་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་། རྫོང་ཡོངས་སུ་འོས་འགན་མེ་འགོག་རི་སྐོར་ཚོ་ཆུང1125བཙུགས་ནས། ཁོངས་གཏོགས་ས་ཁུལ་གྱི་ནགས་སར་སྐོར་ཞིབ་བྱས་པ་དང་ཆབས་ཅིག ཤང་དང་གྲོང་རྡལ་སོ་སོར་མི་གྲངས200ལས་མི་ཉུང་བའི་འོས་འགན་མེ་གསོད་རུ་ཁག་བཙུགས་པ་དང་། གློ་བུར་དུ་བྱུང་བའི་ནགས་ཚལ་མེ་སྐྱོན་ལ་མགྱོགས་མྱུར་ངང་ཁ་གཏད་འཇལ་ནུས་པ་དང་།དེ་མ་ཐག་ཏུ་མེ་སྐྱོན་ཐེབས་ཡུལ་དུ་ཕྱིན་ནས་ཐག་གཅོད་ནུས་ལྡན་བྱེད་པར་མ་ཟད། རྫོང་ནགས་ཚལ་ཆེད་ལས་མེ་གསོད་རུ་ཁག་གི་གྲུབ་མི་ཚོར་མཉམ་བཟའ་མཉམ་སྡོད་དང་གཅིག་གྱུར་གྱིས་དོ་དམ་བྱས་ནས་བབ་བསྟུན་གྲ་སྒྲིག་གི་ལས་ཀ་གང་ལེགས་སྤེལ་བ་རེད།
    དངོས་ཟོག་གྲ་སྒྲིག་འཐུས་ཚང་དུ་གཏོང་ཞིང་མེ་འགོག་གི་བབ་བསྟུན་ལས་ཀ་ཡག་པོ་འཛིན། མེ་འགོག་གི་དུས་སྐབས་ཤར་ཚེར། ཁྱོན་ཡོངས་ནས་ནགས་ཚལ་དང་རྩྭ་ཐང་ལ་གློ་བུར་དུ་མེ་སྐྱོན་གྱི་གནས་ཚུལ་བྱུང་བར་ཁ་གཏད་འཇལ་ཆེད། རྫོང་དེས་ལག་ཁྱེར་གློག་ཞུ400དང་། ལྕགས་ཁྱེམ400 ཆུ་ཟམ400 རླངས་སྣུམ་དང་བད་སྣུམ་བསྡོམས་པས་སྤྱི་བྲེ600 བཟའ་བཅའ་སོགས་ཀྱི་བབ་བསྟུན་དངོས་རྫས་གསོག་འཇོག་བྱས་ཡོད་པ་རེད།
   མངོན་མེད་རྐྱེན་ངན་ཡོད་སར་གཙང་བཤེར་བྱེད་ཅིང་ལས་རེས་གཏན་སྲུང་བྱེད་ཤུགས་ཆེ་རུ་བཏང་། ཤང་དང་གྲོང་རྡལ་དུ་ཆུ་ཚོད24ལ་ལས་རེས་གཏན་སྲུང་བྱས་ཤིང་། མེ་གསོད་མི་སྣ་དང་ཤང་དང་གྲོང་རྡལ་གྱི་འགན་ཁུར་མི་སྣས་ཆུ་ཚོད24རིང་ཆ་འཕྲིན་ཐོགས་འགག་མེད་པ་བྱས་པ་དང་། མེ་སྐྱོན་གྱི་གནས་ཚུལ་བྱུང་མ་ཐག་སྙན་ཞུ་བྱས་ནས་མེ་སྐྱོན་གྱི་གནས་ཚུལ་མེད་པར་ཁག་ཐེག་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1