རྫོང་རྒྱབ་ཀླུ་ཁང་ནི་བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏ་ལའི་གཤམ་འོག་ཏུ་གནས་ཤིང་། འདི་ནི་གྲོང་མི་ཚོ་ངལ་གསོ་བ་དང་སྤྲོ་གསེང་གཏོང་སའི་གནས་ཤིག་ཡིན་ལ། ལོ་རེའི་ཟླ་11པ་ནས་བཟུང་། དགུན་སྐྱེལ་གྱི་བྱ་རིགས་སླེབས་འགོ་ཚུགས་པ་དང་། ཆེས་མང་ཤོས་ནི་ཁྲུང་ཁྲུང་མགོ་ཁྲ་དང་ངང་སེར་ཡིན་ལ། སྐྱ་མོ་དང་ངང་པའི་རིགས་འདྲ་མིན་ཡང་ཡོད་པ་རེད།
ཆུ་ངོས་སུ། ཁྲུང་ཁྲུང་མགོ་ཁྲ་དང་སྐྱ་མོ་ཁྱུ་གཅིག་རང་དགར་ཆུ་རྩེད་རྩེ་བཞིན་ཡོད་པ་དང་། འགའ་རེས་མགོ་བོ་བྱ་སྒྲོའི་འོག་བཞག་ནས་ཉི་མ་སྲོ་བ་། འགའ་རེས་ཕར་འགྲོ་ཚུར་འོང་བྱས་ནས་ཟས་འཚོལ་གྱི་ཡོད། དུས་བྱ་སླེབས་པས་དགུན་དུས་ཀྱི་རྫོང་རྒྱབ་ཀླུ་ཁང་ལ་གསོན་ཤུགས་དང་སྐྱེས་སྟོབས་སྦྱིན་ཡོད།