སྡེ་དགེ་པར་ཁང་ནི་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དུ་ཆགས་ཤིང་། གངས་རིའི་འདབས་ཀྱི་མུ་ཏིག་འོད་ཆེན་ཞེས་པའི་མཚན་སྙན་ཡོད་པའི་དགོན་པ་འདི་ནི་1792ལོར་སྡེ་དགེ་དཔོན་པོའི་དཔོན་རབས་12པ་ཆོས་རྗེ་བསྟན་པ་ཚེ་རིང་གིས་གསར་དུ་བཞེངས་འགོ་བརྩམས་ཤིང་། དཔོན་རབས་གསུམ་གྱིས་མི་ལོ་27རིང་ལ་བཞེངས་ནས་གྲུབ་པ་ཞིག་རེད། དེའི་བོད་ལུགས་ཐུན་མིན་ཁྱད་ཆོས་ཀྱིས་ཕྱུག་པའི་རྩིག་པ་དང་སྒེའུ་ཁུང་། རི་མོ། ཕུགས་སུམ་ཚོགས་པའི་ཚོན་རིས་བཅས་ཀྱིས་ཡིད་ཀྱི་དུང་བ་ཅིག་ཅར་དུ་དྲངས་ཡོང་།
སྡེ་དགེ་པར་ཁང་ནི་པར་ཁང་ལས་ད་དུང་རྟེན་རྫས་བཤམས་མཛོད་ཁང་དང་དཔེ་མཛོད་ཁང་ཞིག་ཀྱང་རེད། ད་ལྟར་ཉར་ཚགས་བྱས་པའི་ནང་པའི་བསྟན་བཅོས་དང་། གསོ་བ་རིག་པ། ཚད་མ་རིག་པ། གནམ་རིག་སྐར་རྩིས་སོགས་ཀྱི་བོད་ཀྱི་རིག་གནས་བསྟན་བཅོས་མང་དུ་འདུས་ཡོད་ཅིང་། ཉར་ཚགས་ཀྱི་གྲངས་འབོར་དང་རིགས་སྣ་ནི་བོད་ཁུལ་གྱི་པར་ཁང་ཆེན་པོ་གསུམ་ལས་མང་ཤོས་དེར་ཆགས་ཡོད།
པར་ཤིང་ལ་སྲུང་སྐྱོབ་དང་རྒྱུན་འཛིན་ལེགས་པོ་བྱ་ཆེད། སྡེ་དགེ་པར་ཁང་གིས་སྲུང་སྐྱོབ་རང་བཞིན་གྱིས་ཉུང་ཙམ་པར་དུ་འདེབས་པ་ལས་སྤྱིར་བཏང་པར་ཤིང་སྲུང་སྐྱོབ་ཉར་ཚགས་བྱས་ཡོད། 2018ལོ་ནས་2020ལོའི་བར་གྱི་དུས་ཡུན་ལོ་3ནང་། སྡེ་དགེ་པར་ཁང་གིས་པར་རྒྱུན་ཆད་པ་འགའ་ཉུང་ཙམ་པར་དུ་བཏབ་རྗེས། དུས་ཕྱིས་པར་སློག་བརྒྱབ་པའི་པར་གཞི་གསར་པ་ལས་པར་ཤིང་ཡོངས་རྫོགས་ཉར་ཚགས་བྱ་རྒྱུ་རེད། པར་འདི་ནི་སྡེ་དགེ་པར་ཁང་གི་པར་ཤིང་མཛོད་ཁང་རེད།