ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ལིའུ་ཧྲའོ་ཆི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-26



ཟླ11པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བློ་མཐུན་ལིའུ་ཧྲའོ་ཆི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

ཟླ11པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བློ་མཐུན་ལིའུ་ཧྲའོ་ཆི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གནང་།
        ཀྲུང་གུང་ཀྲུང་དབྱང་གིས་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བློ་མཐུན་ལིའུ་ཧྲའོ་ཆི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་མི་ཚེ་གང་བོར་འབད་འཐབ་བྱེད་པའི་ཆོད་སེམས་བརྟན་པོས། མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མི་རྣམས་ལ་ཉེན་ཁར་མ་འཛེམས་པར་འབད་བརྩོན་གྱིས་མདུན་སྐྱོད་བྱེད་པའི་སྐུལ་མ་གཏོང་བཞིན་ཡོད། ལོ་རྒྱུས་ཀྱི་འོས་འགན་ང་ཚོའི་ཕྲག་ཏུ་བབས་ཡོད་པས། ང་ཚོས་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་རླབས་ཆེན་འཐབ་རྩོད་སྤེལ་བ་དང་། རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ། རླབས་ཆེ་ལས་དོན་སྒྲུབ་པ། རླབས་ཆེན་དམིགས་འབེན་མངོ་འགྱུར་བྱེད་པ་བཅས་བྱས་ན། བློ་མཐུན་ལིའུ་ཧྲའོ་ཆི་སོགས་རྒན་རབས་གསར་བརྗེ་པས་མི་ཚེ་གང་བོར་འབད་འཐབ་བྱས་པའི་རླབས་ཆེན་ལས་དོན་འཛིན་སྤེལ་བྱས་པ་ཡིན་ཟེར།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
        ཞི་ཅིན་ཕིང་གིས་གསུངས་བཤད་གནང་སྐབས་ཐོག་མར་བསྟན་དོན། ང་ཚོས་བླ་མེད་གུས་བཀུར་གྱི་འདུན་པ་བཅངས་ཏེ། གནས་འདི་ནས་འདུ་ཚོགས་གཟབ་རྒྱས་བསྡུས་ཏེ་བློ་མཐུན་ལིའུ་ཧྲའོ་ཆི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་དྲན་གསོ་ཞུ་ན། ཁོང་གིས་ཏང་དང་མི་དམངས་ཀྱི་ལས་དོན་ཐད་བཞག་པའི་ཉམས་པ་མེད་པའི་མཛད་རྗེས་རྗེས་སུ་དྲན་པ་དང་། ཁོང་གིས་མི་རིགས་རང་བཚན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་འབྱོར་ཕྱུག མི་དམངས་བདེ་སྐྱིད་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱས་པའི་འོད་སྟོང་འབར་བའི་མི་ཚེ་རྗེས་སུ་དྲན་པ། ཁོང་གི་མཆོག་ཏུ་གྱུར་པའི་ཐུགས་དགོངས་ལ་སློབ་སྦྱོང་དང་དེ་རྒྱུན་འཛིན་བཅས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་མུ་མཐུད་འབད་འཐབ་བྱེད་པར་སྐུལ་མ་གཏོང་དགོས་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ལིའུ་ཧྲའོ་ཆི་ནི་རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ་དང་། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། ཆབ་སྲིད་པ། གཞུང་ལུགས་པ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གཙོ་བོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་པར་མཛད་རྗེས་ཆེན་པོ་འཇོག་མཁན། ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་དང་པོའི་ཁོངས་མི་གལ་ཆེན་བཅས་ཡིན། བློ་མཐུན་ལིའུ་ཧྲའོ་ཆི་ཡི་མཚན་སྙན་ནི་ཀྲུང་གོ་མི་དམངས་དང་། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླབས་ཆེ་བའི་འབད་འཐབ་ལོ་རྒྱུས་བཅས་དང་དམ་པོར་འབྲེལ་ཡོད། ཁོང་གིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་ལས་དོན་ཆེད་དུ་སེམས་ཤུགས་ཅི་ཡོད་བཏོན་ནས། དཔལ་འབྱོར་དང་ཆབ་སྲིད། དམག་དོན། རིག་གནས། སློབ་གསོ། ཕྱི་འབྲེལ་དང་ཏང་གི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནས་མངོན་པར་གསལ་པའི་གྲུབ་འབྲས་བླངས་པས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་གུས་བཀུར་ཆེན་པོ་ཐོབ་ཡོད་ཟེར།
        ཞི་ཅིན་ཕིང་གིས་གསུངས་བཤད་གནང་སྐབས་ལིའུ་ཧྲའོ་ཆི་ཡིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་ཐད་བྱས་རྗེས་མཛད་མེད་བཞག་པའི་འོད་སྟོང་འབར་བའི་མི་ཚེ་ཧྲིལ་བོ་བརྩེ་བ་ཟབ་མོས་ཕྱིར་དྲན་བྱས། ཁོང་གིས་ནན་གྱིས་བསྟན་དོན། བློ་མཐུན་ལིའུ་ཧྲའོ་ཆི་ཡིས་ལོ་བཅུ་ཕྲག་འགར་ཉིན་གཅིག་ལྟར་འབད་འཐབ་ལྷོད་མེད་བྱས་པས། ང་ཚོའི་ཏང་གི་ལོ་རྒྱུས་སྟེང་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་ཟིན་ཡོད། བློ་མཐུན་ལིའུ་ཧྲའོ་ཆི་ཡི་བླ་མེད་སྤྱོད་བཟང་དང་མཆོག་གྱུར་རང་གཤིས་ནི་འདས་མ་འོངས་ད་ལྟ་གང་ཡིན་རུང་ཀྲུང་གོ་གུང་ཁྲན་ཏང་མི་དང་ཀྲུང་གོ་མི་དམངས་ཀྱིས་སློབ་སྦྱོང་བྱེད་སའི་གཟི་བརྗིད་ཀྱི་མིག་དཔེ་ཡིན། བློ་མཐུན་ལིའུ་ཧྲའོ་ཆི་ཡི་མཚན་སྙན་དང་མཛད་རྗེས་ནི་ཀྲུང་གོ་མི་དམངས་ཀྱིས་དུས་གཏན་དུ་སེམས་ལ་བརྟན་པོར་འཛིན་ངེས་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ལིའུ་ཧྲའོ་ཆི་ནི་ཐོག་མའི་སེམས་འདུན་མི་བརྗེད་པ་དང་ཏང་ལ་བློ་དཀར་བའི་གཟི་བརྗིད་ཀྱི་མིག་དཔེ་ཡིན། གུང་ཁྲན་ཏང་མིས་རྒྱུན་འཁྱོངས་བྱེད་པའི་ཐོག་མའི་སེམས་འདུན་ནི། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ལ་བཅངས་པའི་དད་མོས་བརྟན་པོ་དང་། ཏང་དང་མི་དམངས་ཀྱི་ལས་དོན་ལ་བཅངས་པའི་འགྱུར་མེད་ལྷག་བསམ་ཡིན། སེམས་ལ་དད་མོས་ཡོད་ན་སྦྱོར་བར་སྟོབས་ཤུགས་ལྡན། དེ་རིང་ང་ཚོས་བློ་མཐུན་ལིའུ་ཧྲའོ་ཆི་ལ་སློབ་སྦྱོང་བྱེད་ན། ཕུགས་བསམ་ཡིད་རྟོན་ནི་གུང་ཁྲན་ཏང་མིའི་ལུས་སེམས་ཆགས་རྟེན་གྱི་རྩ་བ་ཡིན་ལ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་སྲོག་རྩ་ཡིན་པ་སེམས་ལ་དམ་པོར་བཟུང་ནས། རྩ་བ་དང་སྲོག་རྩ་བརྟན་པར་བྱེད་པར་འབད་བརྩོན་བྱས་ཏེ། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་དང་གཅིག་གྱུར་བྱེད་པ་དང་། ང་ཚོས་སྒྲུབ་བཞིན་པའི་དོན་དག་དང་གཅིག་གྱུར་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། གུང་ཁྲན་ཏང་མིའི་ཕུགས་བསམ་ཡིད་རྟོན་བརྟན་སྲུང་བྱེད་པ་བཅས་བྱས་ནས། གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་མི་ཚེ་གང་བོར་འབད་འཐབ་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བློ་མཐུན་ལིའུ་ཧྲའོ་ཆི་ནི་བདེན་ལུགས་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པའི་གཟི་བརྗིད་མིག་དཔེ་ཡིན། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་། བདེན་ལུགས་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་པ་ནི། ཏང་དང་མི་དམངས་ཀྱི་ལས་དོན་ཡང་ནས་ཡང་དུ་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་ཁག་ཐེག་གལ་ཆེན་ཡིན། དེ་རིང་ང་ཚོས་བློ་མཐུན་ལིའུ་ཧྲའོ་ཆི་ལ་སློབ་སྦྱོང་བྱེད་ན། དུས་གཏན་དུ་དངོས་ཐོག་བདེན་འཚོལ་བྱེད་པ་དང་། གནད་དོན་ལ་ཐད་ཀར་དུ་གདོང་གཏོད་པ། དུས་ངེས་མེད་དུ་བདེན་ལུགས་རྒྱུན་འཁྱོངས་དང་དུས་ངེས་མེད་དུ་ནོར་འཁྲུལ་ཡོ་བསྲང་བྱེད་དགོས། འདི་ལྟར་བྱས་ན་ད་གཟོད་ཏང་འདི་དུས་ནམ་ཡང་དུས་རབས་ཀྱི་སྔོན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱིས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་པ། རང་སྟེང་ནས་གསར་བརྗེ་བྱེད་ཕོད་པ། ཉེན་ཁའི་ཉམས་སད་སྣ་ཚོགས་ཐེག་ཐུབ་པ། གསོན་ཤུགས་དང་སྐྱེ་སྟོབས་ཀྱིས་ཁེངས་པ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཏུ་འཛུགས་སྐྲུན་བྱས་ནས། དུས་རབས་ཉེར་གཅིག་པའི་ཀྲུང་གོའི་མར་ཁེ་སི་རིང་ལུགས་ལ་སྔར་ལས་སྟོབས་ཤུགས་ཆེ་ཞིང་སྔར་ལས་འགུག་ཤུགས་ལྡན་པའི་བདེན་པའི་སྟོབས་མངོན་པར་བྱེད་ཐུབ་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ལིའུ་ཧྲའོ་ཆི་ནི་ཁག་ཁུར་དང་གསར་གཏོད་བྱེད་ཕོད་པའི་གཟི་བརྗིད་ཀྱི་མིག་དཔེ་ཡིན། གུང་ཁྲན་ཏང་མི་ངེས་པར་དུ་སྤྱི་ཚོགས་དང་འཛམ་གླིང་བསྒྱུར་བཀོད་ཀྱི་ཁག་ཁུར་པ་བྱས་ཏེ། ཁག་ཁུར་འགན་ལེན་བྱེད་ཕོད་དགོས་ལ། དཀའ་ངལ་ལ་གདོང་གཏོད་ཕོད་དགོས། དེ་རིང་ང་ཚོས་བློ་མཐུན་ལིའུ་ཧྲའོ་ཆི་ལ་སློབ་སྦྱོང་བྱེད་ན། ཏང་གི་རྩ་དོན་ཨང་དང་པོ་དང་། ཏང་གི་ལས་དོན་ཨང་དང་པོ། མི་དམངས་ཀྱི་ཨང་དང་པོ་བཅས་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། དཀར་ནག་གི་མདུན་ནས་བདེན་དོན་འཛིན་ཕོད་པ་དང་། འགལ་བའི་མདུན་ནས་དཀའ་ངལ་གདོང་གིས་བསུ་ཕོད་པ། ཉེན་ཁའི་མདུན་ནས་སྔོན་ལ་མཆོང་ཕོད་པ། ནོར་འཁྲུལ་གྱི་མདུན་ནས་འགན་ཁུར་ཕོད་པ། ཚུལ་མིན་སྤྱོད་ངན་གྱི་མདུན་ནས་འཐབ་རྩོད་མཐའ་འཁྱོལ་བྱེད་ཕོད་པ་བཅས་བྱེད་དགོས། གུང་ཁྲན་ཏང་ཡོན་རེ་རེས་འགན་འཁྲིའི་འདུ་ཤེས་དྲག་པོ་བཅངས་པ་དང་། ཁག་ཁུར་བྱེད་དགོས་པའི་འགན་འཁྲི་ཁག་ཁུར་དུ་ལེན་པ། དུས་རབས་ཀྱི་བླང་བྱ་དང་བསྟུན་པ་དང་། ལག་ལེན་གྱི་བླང་བྱ་དང་བསྟུན་པ། མི་དམངས་ཀྱི་བླང་བྱ་དང་བསྟུན་པ། གསར་གཏོད་རང་བཞིན་གྱིས་བྱ་བ་སྒྲུབ་པ་བཅས་བྱས་ནས། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དངོས་འབེབས་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བློ་མཐུན་ལིའུ་ཧྲའོ་ཆི་ནི་སློབ་སྦྱོང་ལ་བརྩོན་པ་དང་ཤེས་པ་དང་ཉམས་ལེན་གཅིག་གྱུར་བྱེད་པའི་གཟི་བརྗིད་ཀྱི་མིག་དཔེ་ཡིན། སློབ་སྦྱོང་ལ་མཐོང་ཆེན་བྱེད་པ་ནི་ང་ཚོའི་ཏང་གིས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་རྒྱལ་ཁའི་ཉམས་མྱོང་ཡིན། དེ་རིང་ང་ཚོས་བློ་མཐུན་ལིའུ་ཧྲའོ་ཆི་ལ་སློབ་སྦྱོང་བྱེད་ན། སློབ་སྦྱོང་གི་སྲོལ་ཆེས་ཆེར་དར་བར་བྱས་ཏེ། ཏང་ཡོངས་སུ་སློབ་སྦྱོང་ལ་འཇོན་པ་དང་ལག་ལེན་བྱེད་ཕོད་པའི་སྣང་ཚུལ་ཟབ་མོ་བསྐྲུན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་སློབ་སྦྱོང་རང་བཞིན་གྱི་སྲིད་ཏང་འཛུགས་སྐྲུན་བྱས་ནས། སློབ་སྦྱོང་གི་རྒྱལ་ཁབ་ཆེན་པོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སློབ་སྦྱོང་གི་ནུས་པ་ནི་འགོ་ཁྲིད་ལས་བྱེད་པར་ངེས་པར་དུ་འཛོམས་དགོས་པའི་ནུས་པ་དང་པོ་ཡིན་ལ། དེ་དང་མཉམ་དུ་སྦྱངས་པའི་ནུས་པ་དེ་དོན་དངོས་ཀྱི་བྱ་བའི་ཁྲོད་བཀོལ་མཁས་པར་བྱས་ཏེ། ཤེས་པ་དང་ཉམས་ལེན་གཅིག་གྱུར་དང་། ཤེས་པས་དང་ཉམས་ལེན་ལ་ཡར་སྐུལ། ཉམས་ལེན་ལ་བརྟེན་ནས་ཤེས་པ་འཚོལ་བ་བཅས་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ལིའུ་ཧྲའོ་ཆི་ནི་མི་དམངས་སེམས་ལ་ཐོགས་ཤིང་སྤྱོད་གཙང་སྤྱི་གཞོལ་གྱི་གཟི་བརྗིད་མིག་དཔེ་ཡིན། གུང་ཁྲན་ཏང་ཡོན་ཚང་མའི་གོ་གནས་ཅི་འདྲའི་མཐོ་ན་མང་ཚང་མ་མི་དམངས་ཀྱི་ཞབས་ཕྱི་པ་ཡིན། དེ་རིང་ང་ཚོས་བློ་མཐུན་ལིའུ་ཧྲའོ་ཆི་ལ་སློབ་སྦྱོང་བྱེད་ན། དུས་གཏན་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ཏེ། མི་དམངས་མང་ཚོགས་སེམས་ཀྱི་ཆེས་མཐོ་བའི་གོ་གནས་སུ་འཇོག་དགོས་པ་དང་། དུས་གཏན་དུ་མི་དམངས་མང་ཚོགས་བར་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་བྱས་ཏེ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་རྩ་བའི་འགན་འཁྲི་རུ་འཛིན་དགོས། ཏང་ཡོངས་ཀྱི་བློ་མཐུན་གྱིས་ང་ཚོའི་དབང་ཆ་ནི་ཏང་དང་མི་དམངས་ཀྱིས་གནང་བ་དང་། ཏང་དང་མི་དམངས་ལ་དོན་དག་སྒྲུབ་པའི་ཐད་བཀོལ་དགོས་པ། ཏང་གི་དཀའ་ཁག་སེལ་བ་དང་རྒྱལ་ཁབ་ལ་དོན་དག་སྒྲུབ་པ། མི་དམངས་ལ་ཁེ་ཕན་གཉེར་བ་བཅས་ཀྱི་ཐད་ཁོ་ནར་བཀོལ་དགོས་པ་བཅས་དུས་རྟག་ཏུ་སེམས་ལ་དམ་པོར་འཛིན་དགོས། སེམས་སུ་སྐྲག་ས་ཡོད་པ་དང་། གཏམ་ལ་འཛེམ་བྱ་ཡོད་པ། སྤྱོད་པར་ཚད་བཀག་ཡོད་པ་བཅས་བྱས་ཏེ། དུས་ནམ་ཡང་དམིགས་བསལ་གྱི་དབང་ཆ་མི་གཉེར་བ་དང་། དབང་ཆར་བརྟེན་ནས་སྒེར་དོན་མི་སྒྲུབ་པར་བློ་དཀར་དང་སྤྱོད་གཙང་། ཁག་ཁུར་བཅས་བྱེད་དགོས་ཟེར།
        ལིས་ཀྲན་ཧྲུའུ་ཡིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་སྐབས་གསུངས་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། གོ་བ་ཟབ་མོ་ལེན་པ། ལག་བསྟར་དངོས་འབེབས་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་ཁོར་དུ་མཐུན་སྒྲིལ་དམ་པོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1