སློབ་གསོ་པུའུ་སོགས་སྡེ་ཁག་གསུམ་གྱིས་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ལ་ཆེད་དམིགས་བཅོས་སྒྲིག་བྱེད་པ་མགྱོགས་སུ་གཏོང་དགོས་པའི་བརྡ་ཐོ་བཏང་བ།
རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བའི་འཕྲིན། སྤེལ་དུས། 11-28
ཟླ་11ཚེས་26ཉིན། སློབ་གསོ་པུའུ་ཡི་དྲ་ཚིགས་ཐོག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སློབ་གསོ་པུའུ་དང་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་སྤྱི་ཁྱབ་ཅུས། འཕྲལ་བསྟུན་དོ་དམ་ཅུས་བཅས་སྡེ་ཁག་གསུམ་གྱིས་ཉེ་ཆར་མཉམ་འབྲེལ་ངང་《སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ལ་ཆེད་དམིགས་བཅོས་སྒྲིག་དང་དག་ཐེར་ལེགས་བཅོས་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་བཟོ་དགོས་པའི་སྐོར་གྱི་བརྡ་ཐོ》བཏང་ནས། ས་གནས་སོ་སོའི་ལག་བསྟར་ནུས་ཤུགས་མི་འདང་བ་དང་། ལྟ་སྐུལ་བྱེད་སྟངས་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ལག་བསྟར་བྱེད་སྟངས་ཞིབ་ཕྲ་རབ་དང་རིམ་པ་བཏོན་ནས། ས་གནས་སོ་སོས་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་དག་ཐེར་བྱེད་ཚད་ལ་སྐུལ་འདེད་བཏང་ཡོད།
《བརྡ་ཐོ》ཡི་ནང་། སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་བཅོས་སྒྲིག་བྱེད་པ་དེ་དག་ཐེར་ལེགས་བཅོས་ཀྱི་འགག་སྒྲོལ་དུས་རིམ་ལ་སླེབས་ཡོད་ཅིང་། འདི་ནི་ཀྲུང་དབྱང་གིས་ཐུགས་ཁུར་དང་མང་ཚོགས་ཀྱིས་མཉམ་འཇོག སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། ས་གནས་སོ་སོས་གནད་དོན་འབུར་ཐོན་ཅན་ལ་དམིགས་ཤིང་ལས་ཀའི་ལམ་སྲོལ་ཡང་དག་པ་བཙུགས་ནས། ཆེད་དམིགས་བཅོས་སྒྲིག་དང་དག་ཐེར་ལེགས་བཅོས་ཀྱི་ལས་འགན་ཆད་ལུས་མེད་ཅིང་དུས་ཐོག་ཏུ་ལེགས་འགྲུབ་བྱུང་དགོས་པའི་བླང་བྱ་བཏོན་ཡོད།