གནམ་ཐང་ནི་བོད་ཁུལ་རི་གྲོང་གི་འགྲིམ་འགྲུལ་གྱི་གདམ་ཀ་གསར་པར་འགྱུར་བཞིན་ཡོད། རང་རེའི་ཞིང་ཆེན་གྱི་བོད་རིགས་ས་ཁུལ་ལ་གཟི་གསེར་གནམ་ཐང་དང་དར་མདོའི་གནམ་ཐང་། འདབ་པའི་ཉི་སྟེང་གནམ་ཐང་། ཧུང་ཡོན་གནམ་ཐང་། དཀར་མཛེས་གེ་སར་གནམ་ཐང་བཅས་གནམ་ཐང་ལྔ་ཡོད་པ་དང་། ཁྲེན་ཏུའུ་དང་ལྷ་ས་སོགས་རྒྱལ་ནང་གི་ས་གནས་ཁ་ཤས་ལ་བགྲོད་ཐུབ་ཅིང་། དེ་ལས་གེ་སར་གནམ་ཐང་དུ་ད་ལོར་གནམ་གྲུ་ཚོད་འཕུར་བྱ་རྒྱུ་རེད།
དར་མདོའི་གནམ་གྲུ་ཐང་།
དར་མདོའི་གནམ་གྲུ་ཐང་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་གྱི་ཁོངས་སུ་ཡོད་ལ། གནམ་གྲུ་ཐང་དེ་ནི་དར་མདོ་གྲོང་ཁྱེར་དང་སྤྱིི་ལེ་40ཡི་བར་ཐག་ཡོད་ལ་མཚོ་འཕགས་སྨི་4290་ཡོད། གནམ་ཐང་འདི་ནིདམངས་སྤྱོད་ཡན་ལག་གནམ་གྲུ་ཐང་ཞིག་ཡིན་ལ་2006ལོའི་ཟླ་བ་9པར་དངོས་སུ་ལས་འགོ་ཚུགས་པ་དང་། 2007ལོའི་ཟླ་10པའི་ཚེས་22ཉིན་ཐེངས་དང་པོ་ཤར་གཏོང་བྱུང་། འདི་ནི་འཛམ་གླིང་སྟེང་དུ་ས་བབ་མཐོ་པའི་གནམ་ཐང་ཨང་གསུམ་པ་ཡིན་ལ། ལོ་རེར་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་33ཟིན་པ། དངོས་ཟོག་སྐྱེལ་འདྲེན་ཏུའུ་1980ཟིན་པ། སྤྱིའི་མ་དངུལ་འཇོག་ཚད་དུང་ཕྱུར་9.6ཟིན་ཡོད།
康定机场是一个民用机场,地处康定市折多山斯木措,海拔4290米。机场距康定市区约38公里。2007年10月22日首次通航。是世界第三高海拔机场。年客运量达33万人次,货邮运量达1980吨。
དཀར་མཛེས་གེ་སར་གནམ་གྲུ་ཐང་ལ་མཚོ་འཕགས་སྨི་4068ཡོད་ཅིང་། དཀར་མཛེས་རྫོང་དང་བར་ཐག་སྤྱི་ལེ་52དང་། སྡེ་དགེ་རྫོང་དང་བར་ཐག་སྤྱི་ལེ་150ཙམ་ཡོད། གནམ་གྲུ་ཐང་གི་འཛུགས་སྐྲུན་གྱི་གཞི་ཁྱོན་ནི་Cབཞི་རིམ་པའི་འཕུར་སྐྱོད་ཁུལ་ཡིན་པ་དང་། གནམ་གྲུའི་རྒྱུག་ལམ་ལ་རིང་ཚད་སྨི་4000དང་ཞེང་ལ་སྨི་45ཡོད་པ་རེད། མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་24.25ཟིན་ཡོད་པ་རེད། གེ་སར་གནམ་གྲུ་ཐང་ནི་2016ལོའི་ཟླ་བ4པའི་ཚེས18ཉིན་ལས་གཞི་ཆ་ཚང་དངོས་སུ་འཛུགས་འགོ་ཚུགས་ཞིང་། མིག་སྔར་གྱི་མྱུར་ཚད་ལྟར་ན་2018ལོའི་ལོ་མཇུག་ཏུ་ཚོད་འཕུར་བྱ་ཐུབ་པའི་རེ་བ་ཡོད། །
甘孜格萨尔机场是甘孜藏族自治州甘孜县境内即将建设的一座民用机场,也是甘孜藏族自治州境内继康定机场、稻城亚丁机场之后的第三座机场。机场海拔4068米,属于高原机场。2013年7月4日,甘孜格萨尔机场场址获国家民航局批复,预计2018年年底试飞。
སི་ཁྲོན་རྔ་བ་ཧུང་ཡོན་གནམ་གྲུ་ཐང་།
རྔ་བ་ཧུང་ཡོན་གནམ་གྲུ་ཐང་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་ཁོངས་སུ་ཡོད་ལ། རྔ་བ་ཁུལ་གྱི་སྲིད་འཛིན་ལྟེ་གནས་འབར་ཁམས་གྲོང་ཁྱེར་ནས་སྤྱི་ལེ་128གྱི་མཚམས་སུ་ཡོད་པ་དང་ཧུང་ཡོན་རྫོང་མཁར་ནས་སྤྱི་ལེ་48ཀྱི་མཚམས་སུ་ཡོད། མཚོ་འཕགས་སྨི་3535ཡོད་ལ་མཐོ་སྒང་གི་གནམ་གྲུ་ཐང་ཤིག་ཡིན། རྔ་བ་ཧུང་ཡོན་གནམ་གྲུ་ཐང་གི་རྒྱ་ཁྱོན་ནི་མུའུ་2888ཡིན་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར་9འཇོག་ཡོད། གནམ་གྲུ་ཐང་གི་རིམ་པ་ནི་4Cཡིན། 2012ལོའི་ཟླ་བ་7པར་གནམ་གྲུ་ཐང་འདི་སྐྲུན་འགོ་ཚུགས་ཡོད་ལ་2014པའི་ཟླ་བ་8པའི་ཚེས་28ཉིན་ལ་དངོས་སུ་ཤར་གཏོང་བྱུང་། །
阿坝红原机场位于阿坝州红原县境内,距离阿坝州府马尔康约128公里,距离红原县城约48公里,海拔高度约3535米,属于高原机场。该机场占地2888亩,机场等级为4C。机场于2012年7月开工,2013年9月完成机场校飞,2014年6月5日完成试飞。
གཟི་གསེར་གནམ་གྲུ་ཐང་།
གཟི་གསེར་གནམ་གྲུ་ཐང་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་གི་ཁོངས་ཀྱི་མཚོ་འཕགས་སྨི་3448ཡི་མཚམས་སུ་གནས་ཡོད། གཟི་གསེར་གནམ་གྲུ་ཐང་ནི་ཀྲུང་གོའི་རྒྱལ་ནང་གི་ལྗོངས་སྐོར་གནམ་གྲུ་ཐང་ཤིག་ཡིན་ལ། གནམ་གྲུ་ཐང་དེ་སི་ཁྲོན་རྔ་བ་ཁུལ་གྱི་ཟུང་ཆུ་རྫོང་ཁོངས་ཀྱི་གཙོ་ཚང་དགོན་གྲོང་རྡལ་ནས་བྱང་ཕྱོགས་སུ་སྤྱི་ལེ་12ཡི་མཚམས་སུ་ཡོད་ལ། གསེར་མཚོ་མཛེས་ལྗོངས་ཁུལ་བར་སྤྱི་ལེ་60ཡོད་པ་དང་གཟི་ཚ་སྡེ་དགུའི་གཞུང་ལམ་བར་སྤྱི་ལེ་88ཡོད་པས། གཟི་ཚ་སྡེ་དགུ་དང་གསེར་མཚོའི་ལྗོངས་ཁུལ་གྱི་འགྲིམ་འགྲུལ་འབྲེལ་མཚམས་སུ་གཏོགས། 2003ལོའི་ཟླ་བ་9པའི་ཚེས་28ཉིན་ཤར་གཏོང་བྱས་ནས་བཟུང་ལོ་རེའི་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་91ཟིན་ལ་སྤྱིའི་མ་དངུལ་འཇོག་ཚད་དུང་ཕྱུར་8.52ཟིན། །
九寨黄龙机场,位于阿坝州松潘县境内的川主寺镇北约12公里处。九黄机场自2003年9月28日建成通航后,旅客流量迅速增长,通航第一年完成旅客吞吐量91万人次。