ཁྲེན་ཏུའུའི་ཕི་ཏུའུ་གྲོང་དུ་བཙུགས་པའི་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་

ངེད་གསར་འགོད་པ་ཚུལ་ཁྲིམས་བཟང་པོས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-30


        བཅོས་བསྒྱུར་སྒོ་འབྱེད་བྱས་ནས་བགྲང་བྱ་བཞི་བཅུའི་རིང་ལ་སི་ཁྲོན་བོད་ཁུལ་གྱི་ནང་པ་སངས་རྒྱས་པའི་རྟེན་དང་བརྟེན་པ་དབྱར་མཚོ་ལྟར་རྒྱས་ཤིང་། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚུལ་ལྡན་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་བ་དང་། སྔ་རྗེས་སུ་དཀར་མཛེས་ཁུལ་དང་རྔ་བ་ཁུལ་གྱི་ནང་བསྟན་མཐུན་ཚོགས་དང་སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་སོགས་བཙུགས་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཆུ་དང་འོ་མ་འདྲེས་པ་བཞིན་མཐུན་པར་འཇུག་ཅིང་། ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་གྱི་རང་ལུགས་དྲི་མ་མེད་པར་མ་དོར་པར་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་མཆིས།

        སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ནི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐུགས་དགོངས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་སྟེ་1983ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བཙུགས། 2017ལོའི་ཟླ་9པར། སློབ་གླིང་དེ་བདེ་བླག་ངང་ཁྲེན་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུས་ཐང་ཁྲང་གྲོང་རྡལ་གྱི་ཉེ་འདབས་སུ་གནས་སྤོས་པ་དང་། སློབ་ཁུལ་གསར་པའི་འཛུགས་སྐྲུན་བཀོད་པ་ལ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་དེང་རབས་ཀྱི་རྣམ་པས་ཕྱུག་པ། བྱེད་ནུས་དང་སྒྲིག་ཆས་འཐུས་ཚང་བ། ཁོར་ཡུག་མཛེས་ཤིང་དབེན་པ་སོགས་སྒྲུབ་སྦྱོང་གི་ཆ་རྐྱེན་ཡག་པོ་ལྡན། 2015ལོའི་ཟླ་8པར། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་འོག །ཁྲེན་ཏུའུ་གྲོང་ཁྱེར་ཐང་ཁྲང་གྲོང་རྡལ་གྱི་ཉེ་འདབས་སུ་སློབ་གླིང་གི་སློབ་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་འགོ་ཚུགས། སློབ་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་106.72དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་26372ཡོད། སློབ་གླིང་དེ་ལ་འབྲིང་རམས་པའི་ཡོན་གནས་སྤྲོད་པའི་འགན་དབང་དང་མཐོ་རམས་པའི་ཡོན་གནས་མཉམ་སྒྲུབ་བྱེད་པའི་འགན་དབང་སོགས་ཡོད།

        སློབ་གླིང་གིས་དེ་སྔོན་ཁྲེན་ཏུའུ་ཐང་ཁྲང་གྲོང་རྡལ་དང་རྔ་བ་ཁུལ་སྣང་ཞིག་དགོན་པ་གཉིས་ན་དགེ་ལུགས་དང་གཡུང་དྲུང་བོན། རྙིང་མ། ས་སྐྱ་བཅས་ཀྱི་འབྲིང་རམས་པའི་འཛིན་གྲྭ་བཙུགས་ཤིང་། སྔ་གཞུག་ཏུ་ཁྱོན་བསྡོམས་གྲྭ་བཙུན་བརྒྱ་ལྷག་གསོ་སྐྱོང་བྱས་ཡོད་ལ། 2018ལོའི་ཟླ་6པར། དགེ་ལུགས་པའི་གྲྭ་བཙུན་30ཙམ་ལ་འབྲིང་རམས་པ་དང་མཚན་རམས་པའི་སློབ་གནས་བསྩལ་ཞིང་། དེ་ནི་སི་ཁྲོན་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་མི་སྣ་གསོ་སྐྱོང་ཐད་སྲོལ་རྒྱུན་གྱི་དགོན་པའི་རྣམ་པའི་སློབ་གསོར་གཙོ་གནད་འཛིན་པ་ལས་སྲོལ་རྒྱུན་གྱི་དགོན་པ་རྣམ་པའི་སློབ་གསོ་དང་དེང་རབས་ཀྱི་སློབ་གྲྭ་རྣམ་པའི་སློབ་གསོ་གཉིས་ཟུང་འབྲེལ་དམ་ཟབ་མངོན་འགྱུར་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཞིག་མཚོན།

        སློབ་གླིང་ཡོངས་ལ་གདན་འདྲེན་ཞུས་པའི་གྲུབ་མཐའ་སོ་སོའི་དགེ་བའི་གཤེས་གཉེན་66དང་། སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་ཆེད་མཁས་པ་80ལྷག་ཡོད། སློབ་གླིང་དེར་ཞུགས་སྐབས་རྒྱུགས་ཀྱི་ཁྱབ་ཁོངས་ལ་ནང་དོན་རིག་པ་དང་། རིག་གནས། སྐབས་དོན་ཆབ་སྲིད་བཅས་ཕྱོགས་གསུམ་ཡོད་དེ། དེ་ལས་ནང་དོན་རིག་པར་རྣམ་འགྲེལ་དང་ཕར་ཕྱིན་གཉིས་ཀྱི་ནང་དོན་དང་། རིག་གནས་ཀྱི་སྐོར་གཙོ་བོ་བོད་ཡིག་གི་བརྡ་སྤྲོད་དང་རྩོམ་འབྲིའི་ཤེས་བྱ། རྒྱ་ཡིག་གི་རྨང་གཞིའི་ཤེས་བྱ་སོགས་ཡིན། སྐབས་དོན་ཆབ་སྲིད་ཀྱི་སྐོར་ལ་ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཁྲིམས་ལུགས་ཤེས་བྱ་སོགས་ཡིན།

        སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་ཡུན་ལོ་བཞི་ཡིན་ལ། ལོ་བཞི་ལས་ཟླ་31ལ་སློབ་གྲྭ་རུ་སློབ་གཉེར་བྱ་དགོས་ཤིང་། ཟླ་5ལ་དངོས་སྦྱོང་དང་། མཐར་ཕྱིན་དཔྱད་རྩོམ་འབྲི་བ། ཡོན་གནས་རྩོད་རྒྱུགས་འབུལ་བ་སོགས་བྱ་དགོས། འཁྲིད་བྱའི་སློབ་ཚན་གཙོ་བོ་རིགས་ཆེན་པོ་གསུམ་ཡོད་དེ། ནང་དོན་རིག་པའི་སློབ་ཚན་གཙོ་བོ་ནི། 《 རྣམ་འགྲེལ།》དང་《 ཕར་ཕྱིན།》 《 དབུ་མ།》གཞུང་ཆ་ཚང་དང་《མངོན་པ་མཛོད།》ཕྱེད་སྔ་མ་སོགས་ཡིན། རིག་གནས་སློབ་ཚན་ནི། རྒྱའི་སྐད་ཡིག་དང་དེང་རབས་རིག་གཞུང་ཞིབ་འཇུག །བོད་ཡིག་གི་རྩོམ་འབྲི། བརྡ་སྤྲོད་རིག་པ། སྒྲ་རིག་པ། ནང་བསྟན་ལོ་རྒྱུས། རྩིས་འཕྲུལ་སོགས་ཡིན་ལ། ཐུན་མོང་གི་སློབ་ཚན་ནི། ཁྲིམས་ལུགས་དང་སྲིད་ཇུས། རྒྱལ་སྤྱིའི་ཤེས་བྱ། རྒྱལ་ཁབ་དང་ཞིང་ཆེན་གྱི་གནས་ཚུལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རིགས་པའི་གཞུང་ལུགས་ཀྱི་མ་ལག་རགས་བཤད་སོགས་ཤེས་བྱ་སྣ་ཚོགས་འདུས། སློབ་སྦྱོང་སྦྱངས་འབྲས་ཚད་ལོན་ཞིང་ཀུན་སྤྱོད་སོགས་ཚད་ལྡན་ཡིན་པ། རྒྱུགས་ལེན་ཐོབ་ཐང་ཞིབ་བཤེར་དང་དཔྱད་རྩོམ་བགྲོ་གླེང་། ཡོན་གནས་རྩོད་རྒྱུགས་སོགས་ཚད་ལོན་པའི་འབྲིང་རམས་འཛིན་གྲྭའི་སློབ་ཐོན་གྲྭ་བཙུན་ལ་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་ཡོན་གནས་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་དཔྱད་བསྡུར་བྱས་རྗེས་འབྲིང་རམས་པའི་ཡོན་གནས་སྤྲོད་བཞིན་ཡོད་ལ། འབྲིང་རམས་པའི་ཡོན་གནས་ཐོབ་མེད་པའི་འབྲིང་རམས་སློབ་ཐོན་སློབ་མའི་གནས་ཚུལ་ལ་གཞིགས་ནས་མཚན་རམས་པའི་ཡོན་གནས་སྤྲོད་པ་དང་། སྐབས་རྗེས་མར་འབྲིང་རམས་པའི་ཡོན་གནས་ཀྱི་རྒྱུགས་སྤྲོད་སྐབས་འབྲིང་རམས་པའི་ཡོན་གནས་ལེན་དགོས་པའི་རེ་འདུན་ཞུས་ཆོག

        གཞན་ཡང་སློབ་གླིང་གིས་འབྲིང་རམས་པའི་ཡོན་གནས་ཐོབ་པའི་གྲྭ་བཙུན་ཕུལ་བྱུང་རྣམས་བདམས་ནས་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་ལ་འོས་སྦྱོར་བྱས་ཏེ་མཐོ་རིམ་འཛིན་གྲྭར་རྒྱུགས་སྤྲོད་པ་དང་། རྒྱུགས་འཕྲོད་རྗེས་མཐོ་རམས་པའི་ཡོན་གནས་གྱི་བསླབ་རིམ་ལ་ཞུགས་ཆོག །  

        四川藏语佛学院是经十世班禅大师提倡,国务院同意、四川省人民政府批准,于1983年在甘孜藏族自治州建立的一所培养藏传佛教僧才的专业院校,后迁建郫都区唐昌镇,已于2017年9月建成投入使用。

        十八大”以来党中央和中央统战部先后发出通知,要求3到5年时间在北京和五省藏区建成8所藏语系佛学院,推进“三级学衔”制度,四川藏语佛学院是四川藏传佛教界的最高学府。

        2017年9月29日,四川藏语佛学院新校区落成暨第三届中级学衔班开学典礼在成都市郫都区举行。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1