ཧེང་ཁྲང་ཧུའེ་ཡིས་བྲིས་ཤིང་ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར།
སྤྱི་ཟླ་10ཚེས་30ཉིན། སི་ཁྲོན་ཞིང་ཆེན་གྱི་“གློག་སྒྲོན་གཅིག་གིས་ཁྱིམ་ཚང་གཅིག་ལ་འོད་སྣང་བསྩལ་”ཅེས་པའི་བདེ་ཐང་ཤེས་བྱ་མཐོ་སྒང་དུ་བསྐྱོད་པ་དང་མངའ་བཙའི་ལུགས་གསར་ཁྱིམ་ཚང་ཁྲི་སྟོང་ལ་ཁྱབ་པ་ཞེས་པའི་ཞབས་ཞུ་རུ་ཁག་གིས་མཛོད་དགེ་རྫོང་གི་འབྲོག་པའི་བུད་མེད་རྣམས་ལ་འོས་འགན་སྨན་བཅོས་བྱས། འོས་འགན་སྨན་བཅོས་བྱེད་སྒོའི་ཁྲོད་དུ་ནད་པ་རྣམས་ལ་སྨན་བཅོས་བྱས་པར་མ་ཟད་ད་དུང་བདེ་ཐང་སྐོར་ནས་མཛུབ་སྟོན་དང་རིན་མེད་སྒོས་སྨན་རྫས་སོགས་ཀྱང་སྤྲད། མང་ཚོགས་རྣམས་ཀྱིས་འདི་ལྟར་བུའི་བྱེད་སྒོ་ནི་ང་ཚོར་ཕན་པ་ཧ་ཅང་ཆེ། རྗེས་སུ་ཡང་འདི་ལྟར་བུའི་བྱེད་སྒོ་མང་པོ་སྤེལ་བའི་རེ་བ་ཡོད་ཅེས་བཤད།
2018ལོ་ནི་“གློག་སྒྲོན་གཅིག་གིས་ཁྱིམ་ཚང་གཅིག་ལ་འོད་སྣང་བསྩལ་”ཅེས་པའི་བདེ་ཐང་ཤེས་བྱ་མཐོ་སྒང་དུ་བསྐྱོད་པའི་མུ་འབྲེལ་བྱེད་སྒོ་སྤེལ་ནས་ལོ་གསུམ་འཁོར་པའི་ལོ་ཡིན། དེ་སྔོན་གྱི་བྱེད་སྒོ་ཁྲོད་དུ་ཁག་འདིས་སྤྱི་ལེ་ཁྲི་ཁ་ཤས་དང་འོས་འགན་སྨན་བཅོས་བྱས་པའི་མི་གྲངས་ཁྲི་གཅིག་ལྷག་སླེབས་ཡོད། རིན་མེད་དུ་སྤྲད་པའི་སྨན་དང་དངོས་ཟོག་མ་དངུལ་སྒོར་ཁྲི་100ལྷག་ཟིན་ཡོད། བྱེད་སྒོ་འདི་ཡིས་སྨན་བཅོས་ཆེད་མཁས་པ་དང་བོད་ཁུལ་གྱི་ཞིང་འབྲོག་མང་ཚོགས་རྣམས་ངོ་ཐུག་གདོང་བཅར་གྱི་སྤེལ་རེས་བྱས་ཆོག་པའི་སྟེགས་བུ་ཞིག་བཙུགས་་ཡོད་ལ། ཤུགས་ཆེན་པོས་འཕྲོད་བསྟེན་རྒྱུན་ཤེས་ཁྱབ་གདལ་བཏང་སྟེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་གི་འདུ་ཤེས་མཐོར་འདེགས་དང་། མི་དམངས་མང་ཚོགས་ཀྱི་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་པར་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བསྔགས་བརྗོད་དང་ཁས་ལེན་ཐོབ། །