མཆོད་མེའི་འོད་སྣང་སྐར་ཚོགས་བཞིན་དུ་བཀྲ་བའི་དགའ་ལྡན་ལྔ་མཆོད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-04


དགའ་ལྡན་དགོན་པའི་རྗེ་ཙོང་ཁ་པའི་སྐུ་འདྲ།

          ལོ་རེའི་བོད་ཟླ་10ཚེས་25ཉིན་ནི་དགའ་ལྡན་ལྔ་མཆོད་ཡིན་ཞིང་། དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་འབྱེད་མཁན་དང་། གངས་ལྗོངས་ཀྱི་རྒྱལ་བ་གཉིས་པར་གྲགས་པའི་རྗེ་ཙོང་ཁ་པར་རྗེས་དྲན་ཞུ་བའི་ཉིན་མོ་རེད།
          ཉིན་དེར། བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་དག་ཀུན་གྱི་དགེ་ལུགས་པའི་དགོན་སྡེར་དྲན་གསོ་ཞུ་བའི་མཛད་སྒོ་སྤེལ་ཞིང་། དགོན་སྡེའི་འདུ་ཁང་དང་གྲྭ་ཤག ལྷ་ཁང་བཅས་ཀྱི་སྟེང་དང་རྡོ་སྐས་སོགས་སུ་མཆོད་མེ་འབུལ་སྲོལ་ཡོད་ཅིང་། བོད་པའི་ཁྱིམ་གྱི་མཆོད་ཁང་དང་སྒེའུ་ཁུང་གི་སྟེགས་བུ་དང་དེ་བཞིན་མཆོད་མེ་འཇོག་ཆོག་ས་ཀུན་ལ་མར་མེའི་མཆོད་པ་འབུལ་སྲོལ་ཡོད། ཉིན་དེའི་དགོང་མོར་ལྷ་ས་གྲོང་ཁྱེར་དུ་དེ་བས་བརྗིད་ཉམས་ལྡན། སྐབས་དེར་བསང་དུད་ལང་ལོང་དུ་འཕྱུར་ཞིང་། རྒྱ་གླིང་འབུད་སྒྲ་རྒྱང་ནས་ཐོས་པ་དང་སྒྲོན་མེ་སྐར་ཚོགས་བཞིན་དུ་བཀྲ། ཁ་བའི་ལྗོངས་འདིར་རྗེ་བདག་ཉིད་ཆེན་པོ་རྗེས་དྲན་ཞུ་བའི་མཆོད་མེའི་འོད་ཀྱིས་ཁྱབ་ཡོད།

           ཉིན་དེར་ལྷ་སའི་གཙུག་ལག་ཁང་ལ་སྐོར་བ་ཡོང་བའི་དད་ལྡན་པ་དང་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་ཅིང་། མི་ཚང་མའི་གདོང་གི་རྣམ་འགྱུར་ལས་དད་སེམས་མངོན་ལ། མི་ཚང་མའི་མིག་ནང་དུ་རེ་བའི་འོད་སྣང་འཆར། མི་ཚང་མའི་སེམས་ལ་བཀྲ་ཤིས་པའི་སྨོན་འདུན་བཟང་པོ་བཅངས་ཏེ། འཚོ་བ་བདེ་སྐྱིད་ལྡན་ཞིང་འཛམ་གླིང་ཞི་བདེ་ཡོང་བ་དང་། མེས་རྒྱལ་གྱི་པང་དུ་གངས་ལྗོངས་མཐོ་སྒང་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།


དགའ་ལྡན་ལྔ་མཆོད་ཀྱི་ཉིན་དེའི་ཞོགས་པ་སྔ་པོར་གཙུག་ལག་ཁང་གི་དགེ་འདུན་པས་རྒྱ་གླིང་གཏོང་གནང་བ།

དགའ་ལྡན་ལྔ་མཆོད་ཉིན་མོའི་གཙུག་ལག་ཁང་ནང་གི་མཆོད་མེ།




དགའ་ལྡན་ལྔ་མཆོད་དུ་གཙུག་ལག་ཁང་གི་མེ་ཏོག་མཆོད་པ།

དགའ་ལྡན་ལྔ་མཆོད་ཉིན་མོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་རྗེ་རིན་པོ་ཆེར་རྗེས་དྲན་ཞུ་བའི་ཆོས་ཚོགས་འཚོགས་གནང་བ།

ཧེ་ལུང་ཅང་ཞིང་ཆེན་དུར་བུ་ཐའེ་སོག་རིགས་རང་སྐྱོང་རྫོང་གི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དགའ་ལྡན་ཕུན་ཚོགས་རྣམ་དག་གླིང(ཀྲེང་ཅེ་དགོན)གིས་དགའ་ལྡན་ལྔ་མཆོད་ཉིན་མོར་བཀྲ་ཤིས་པའི་མཚོན་རྟགས་ཀྱི་མཆོད་མེའི་རི་མོ་སྒྲིག་པ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1