བོད་ཁུལ་གྱི་གྲོང་སྡེ་གསར་པ། དབུལ་སྐྱོར་གྱི་ཐབས་ལམ་གསར་པ།

ཡེ་ཆང་ཕིང་དང་བཀྲ་ཤིས་ཆོས་འཕེལ་གྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-04




        སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་འཇལ་བ་གྲོང་རྡལ་གདོང་གྲུབ་སྡེ་པར་ཁ་པར་གྱིས་དབུལ་ཕོངས་དུད་ཁྱིམ་གྱི་གནས་ཚུལ་བཤེར་བཅོས་བྱེད་ཐུབ་པའི་ལས་ཀ་མངོན་འགྱུར་བྱུང་། ཉེ་ལམ་སྡེ་པའི་བཅའ་སྡོད་ལས་བྱེད་པ་སྡེ་པའི་དབུལ་ཕོངས་དུད་ཁྱིམ་ཞའོ་ཁྲེན་ཚང་ལ་སོང་ནས་ཁ་པར་གྱིས་རྩ་གཉིས་བཤེར་ཨང་སྒོ་བྱང་ཕབ་བཤེར་བྱས་པ་བརྒྱུད་ནས་ཁྱིམ་ཚང་གི་གནས་ཚུལ་ལ་བཟོ་བཅོས་བྱས་ཤིང་། དེ་ནས་བཟུང་དབུལ་ཕོངས་དུད་ཁྱིམ་གྱི་གནས་ཚུལ་གསར་པ་བཟོ་བཅོས་བྱེད་པའི་ལས་ཀ་དེ་ཁ་པར་གྱི་ལམ་ནས་སྒྲུབ་ཆོག་པར་གྱུར་ཅིང་། ཤོག་བུའི་ངོས་སུ་བཟོ་བཅོས་བྱེད་པའི་ཐབས་ལམ་རྙེད་པ་དེར་གྱེས་བརྡ་བཏང་།

        “མཉམ་སྦྲེལ་དྲ་བ+”ཡི་འདུ་ཤེས་དང་ཁ་པར་གྱི་བཤེར་བཅོས་སྤྱོད་སྒོ་རིམ་བཞིན་ཁྱབ་གདལ་དུ་ཕྱིན་བཞིན་མཆིས། 2017ལོའི་ཟླ་6པར། དབུལ་སེལ་འགག་སྒྲོལ་གྱི་འཛུགས་སྐྲུན་དང་སྦྲགས་ནས་དཀར་མཛེས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མངག་གཏོང་བྱས་པའི་གདོང་གྲུབ་སྡེ་པའི་ཧྲུའུ་ཅི་དང་པོ་བསྟན་འཛིན་རྡོ་རྗེ་ཡིས་སྤྱོད་བདེ་བའིདབུལ་སེལ་ཆ་འཕྲིན་སྟེགས་བུའི་རྩ་གཉིས་བཤེར་ཨང་གསར་དུ་གཏོད་པའི་བསམ་ཚུལ་བཏོན། དེར་དབུལ་ཕོངས་དུད་ཁྱིམ་གྱི་གནས་ཚུལ་དང་སྡོད་ཁང་གི་སྒྲིག་གཞི། རོགས་སྐྱོར་འགན་ཁུར་བ། དྲུག་བཅོས་གསུམ་སྐྲུན་ལས་གཞིའི་གནས་ཚུལ། རོགས་སྐྱོར་བྱེད་ཐབས་དང་གྲུབ་འབྲས་བཅས་ཀྱི་ནང་དོན་འདུས། དུས་མཚུངས་སུ་དབུལ་ཕོངས་དུད་ཁྱིམ་གྱི་གསང་བ་དང་ཆ་འཕྲིན་གྱི་བདེ་འཇགས་ལ་གཞིགས་ནས་ཆ་འཕྲིན་སྟེགས་བུའི་གསར་སྤེལ་དང་འགན་སྲུང་ལ་ཆེད་བསྐོས་མི་སྣ་བཀོད་སྒྲིག་དང་གསང་བ་དམ་སྲུང་ཐད་ཤུགས་སྣོན་བྱས་ཏེ། དབུལ་སྐྱོར་བྱ་ཡུལ་གྱི་ཆ་སྒྲིག་དང་རོགས་སྐྱོར་ཆ་འཕྲིན་ཁ་གསལ་བ། རོགས་སྐྱོར་འགན་ཁུར་མངོན་གསལ་དང་རོགས་སྐྱོར་དུས་ཚོད་གསལ་པོ་ཡིན་པ། རོགས་སྐྱོར་ཕྱོད་ནུས་ལ་ཚད་འཇལ་བདེ་བའི་དམིགས་འབེན་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན།

        ལོ་ཕྱེད་ཙམ་གྱི་རིང་ལ་བཀོལ་སྤྱོད་འཚོལ་ཞིབ་བྱས་པ་བརྒྱུད། གདོང་གྲུབ་སྡེ་པའི་དབུལ་ཕོངས་དུད་ཁྱིམ་གྱི་ཆ་འཕྲིན་དོ་དམ་དང་སྤྱོད་བདེ་ཆ་འཕྲིན་སྟེགས་བུ་ལ་ཕན་ནུས་ཐོན། སྡེ་པ་ཡོངས་ལ་ཁྱིམ་ཚང་56དང་སྤྱིའི་མི་གྲངས་289 དབུལ་ཕོངས་དུད་ཁྱིམ་19དང་དབུལ་ཕོངས་མི་གྲངས་86 མ་མཐའི་འཚོ་བའི་འགན་ལེན་གྱི་དུད་ཁྱིམ་14དང་མི་གྲངས་43 ཏང་ཡོན་10བཅས་ཡོད་པ་དང་། ཁ་པར་གྱི་ལམ་ནས་དབུལ་ཕོངས་དུད་ཁྱིམ་གྱི་ཆ་འཕྲིན་ལ་གསལ་པོར་ལྟ་ཐུབ།
        གདོང་གྲུབ་སྡེ་པས་དབུལ་ཕོངས་དུད་ཁྱིམ་གྱི་རྩ་གཉིས་བཤེར་ཨང་ཡིག་ཚགས་སྒྲིག་འཛུགས་བྱས་ཟིན་པ་དང་བཤེར་གཟིགས་བྱས་པར་བརྒྱུད་དབུལ་ཕོངས་དུད་ཁྱིམ་གྱི་གནས་ཚུལ་དང་དབུལ་ཕོངས་ཀྱི་འགྱུར་རྐྱེན་སོགས་འབྲེལ་ཡོད་ཆ་འཕྲིན་ཁ་པར་ལས་ལྟ་ཐུབ་པས་ལས་ཀའི་ནུས་ཆོད་མཐོར་འདེགས་སུ་ཕྱིན། བསྟན་འཛིན་རྡོ་རྗེས་གསར་འགོད་པར་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ཀྱི་ཁེ་ཕན་དབུལ་ཕོངས་དུད་ཁྱིམ་ཡོངས་ལ་མྱོང་དུ་འཇུག་ཆེད། སྡེ་པའི་བཅའ་སྡོད་ལས་ཀ་ཚན་ཆུང་གིས་སྡེ་པ་ཡོངས་ཀྱི་དབུལ་ཕོངས་དུད་ཁྱིམ་19ཡི་གནས་ཚུལ་ལ་གཅིག་གྱུར་གྱི་ཡིག་ཚགས་བསྒྲིགས་ཤིང་མ་ལག་ལྡན་པའི་སྒོ་ནས་དུད་ཁྱིམ་སོ་སོར་རྩ་གཉིས་ཨང་བཤེར་བཟོས་ཏེ་དབུལ་ཕོངས་དུད་ཁྱིམ་གྱི་སྒོ་ཁར་སྦྱར་ནས་དབུལ་སྐྱོར་དང་འབྲེལ་བའི་གྲངས་མཛོད་ཆེན་པོ་ཞིག་སྒྲིག་འཛུགས་བྱས་ཤིང་། མང་ཚོགས་རྣམས་ཀྱིས་རྩ་གཉིས་ཨང་བཤེར་དེ་དག་བརྒྱུད་དེ་དབུལ་ཕོངས་དུད་ཁྱིམ་གང་དེའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ་པས་མང་ཚོགས་ཀྱིས་དུས་ཐོག་ཏུ་གནས་ཚུལ་རྒྱུས་ལོན་དང་དབུལ་སྐྱོར་ལས་ཀར་ལྟ་སྐུལ་བྱེད་པར་ནུས་པ་ཐོན་ཐུབ་ཅེས་བཤད། སླད་མར་ཁོས“སྡོད་དམངས་དྲ་བའི”རྣམ་པ་ཇི་ལྟར་ལག་བསྟར་བྱེད་པའི་ཐད་ལ་བསམ་བློ་བཏང་ནས་སྡེ་མི་ཡོངས་ཡུལ་ཚོའི་དར་སྤེལ་གྱི་འཕེལ་རྒྱས་ཀྱི་རྗེས་ཆོད་དུ་བཅུག་ནས་སྔར་ལས་མང་བའི་རིག་ནུས་ཚན་རྩལ་སྡེ་པར་ཁྱབ་གདལ་དུ་གཏོང་བར་འབད་པའི་ཆོད་སེམས་བརྟན་པོ་འདུག
        རྩ་གཉིས་བཤེར་ཨང་སྒོ་བྱང་ལས་གཞན་གདོང་གྲུབ་སྡེ་པས་ད་དུང་སྡེ་པའི་བཅའ་སྡོད་ལས་ཀ་ཚན་ཆུང་རྩ་འཛུགས་བྱས་ཏེ་སྡེ་པའི་དྲིལ་བསྒྲགས་ཚོགས་པ་བཙུགས་ནས་དུས་ཐོག་ཏུ་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱི་དམངས་ཕན་སྲིད་ཇུས་གསར་པ་དང་ལས་མི་བསྡུ་བའི་བརྡ་སྦྱོར་སོགས་སྤེལ་བཞིན་ཡོད་པ་རེད། བསྟན་འཛིན་རྡོ་རྗེས་གསར་འགོད་པར་མཉམ་སྦྲེལ་དྲ་བའི་དུས་རབས་འདིར་སྡེ་དོན་དང་འབྲེལ་བའི་འཕྲིན་སྟེགས་ཀྱིས་ཆ་འཕྲིན་མང་པོ་སྤེལ་བར་མང་ཚོགས་རྣམས་སྡེ་བའི་བཅའ་སྡོད་ལས་ཀར་སྔར་ལས་ཡིད་ཆེས་དང་ཡིད་ཚིམ་པར་གྱུར་པ་རེད་ཅེས་བཤད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1