ཉེ་ཆར། “ཀྲུང་གོའི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ཕུལ་བྱུང་འགྲེམས་སྟོན”དེ་ཀྲུང་གོ་མཛེས་རྩལ་ཁང་དུ་སྤེལ་ཞིང་། ཀྲུང་གོའི་ཐང་གའི་ལུགས་ཆེན་པོ་ལྔ་ལྷན་དུ་འཛོམས་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཐང་གའི་སྒྱུ་རྩལ་གྱི་བྱིའུ་སྒང་ལུགས་དང་། སྨན་ཐང་ལུགས། མཁྱེན་ལུགས། ཀརྨ་སྒར་བྲིས་ལུགས། སྨན་གསར་ལུགས་སོགས་མི་འདྲ་བ་ལས་གྲུབ་ཡོད།
བྱིའུ་སྒང་ལུགས་ཀྱི་ཐང་གའི་བརྩམས་ཆོས《སྟོན་པ》 ལྷ་འབྲི་བ་གྲགས་པ་བསྟན་འཛིན།
སྨན་ཐང་ལུགས་ཀྱི་ཐང་གའི་བརྩམས་ཆོས《ས་སྐྱའི་གོང་མ་ལྔ》 ལྷ་འབྲི་བ་པ་སངས་ནོར་བུ།
མཁྱེན་ལུགས་ཀྱི་ཐང་གའི་བརྩམས་ཆོས《སྒྲོལ་དཀར》 ལྷ་འབྲི་བ་བཀྲ་ཤིས་ནོར་བུ།
ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་བརྩམས་ཆོས《ཚེ་དཔག་མེད》 ལྷ་འབྲི་བ་ཀརྨ་བདེ་ལེགས།
སྨན་གསར་ལུགས་ཀྱི་ཐང་གའི་བརྩམས་ཆོས《ཚེ་དཔག་མེད་ཀྱི་དཀྱིལ་འཁོར》 ལྷ་འབྲི་བ་ཀླུ་རྒྱལ་ཚེ་རིང་།