ཉེ་ཆར། ཀྲུང་གོའི་ལྷོ་སྣེ་གླིང་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་35པའི"གངས་འབྲུག"རྟགས་ཅན་གྱི་གླིང་སྣེར་རྟོག་ཞིབ་གྲུ་གཟིངས་དེ་ཀྲུང་ཧྲན་ས་ཚིགས་ནས་བར་ཐག་སྤྱི་ལེ་44ཡོད་པའི་སྐམ་སའི་མཐའ་མཚམས་ཀྱི་འཁྱགས་རོམ་ཁུལ་དུ་སླེབས། དར་ཐོག་ཏུ་ལམ་འཚོལ་ཞིང་དངོས་ཟོག་འབེབ་པའི་ལམ་ཐིག་གཏན་འཁེལ་བྱས་རྗེས། "སྐམ་མཚོ་མཁའ"གསུམ་ནས་དུས་ཀུན་དངོས་ཟོག་འབེབ་པའི"དམག་འཐབ"ལྷོ་སྣེ་གླིང་གི་འཁྱགས་རོམ་ཁུལ་དུ་འགོ་ཚུགས་པ་རེད།