ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་གི་རྨ་ཆུའི་གྲོག་རོང་སུམ་པ་འགག་ཏུ། པར་ལེན་ལ་དགའ་མཁན་གྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་མཚོ་གླག་རྔ་དཀར་གྱིས་ཟས་འཚོལ་བའི་པར་འགའ་བླངས་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་སོང་བས་ཁྲུང་ཁྲུང་དང་མཚོ་གླག་རྔ་དཀར་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་གནས་འདིར་དགུན་སྐྱེལ་བར་ཡོང་བཞིན་ཡོད། མཚོ་གླག་རྔ་དཀར་ནི་གཏུམ་དྲག་ཅན་གྱི་སྲོག་ཆགས་ཆེ་གྲས་རིགས་ཤིག་ཡིན་ཞིང་། 《འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ》( IUCN)གྱི་2012ལོར་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་མིང་ཐོ་དམར་པོའི་ནང་བཅུག་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས། དེས་ཟས་གཙོ་བོ་ཉར་བརྟེན་པ་དང་། དུས་རྒྱུན་དུ་མཚེའུ་དང་གཙང་པོ། མཚོ་འགྲམ། གླིང་ཕྲན། ཆུ་མདོའི་ས་ཁུལ་དུ་འཚོ་བཞིན་ཡོད། ཀྲུང་གོར་གཙོ་བོ་ནང་སོག་དང་ཧེ་ལུང་ཅང་། ཀན་སུའུ་སོགས་སུ་གནས་ཡོད། གཞན་ཡང་འབྲེལ་ཡོད་རིགས་གཅིག་མཁས་པས་མིག་སྔར་ཁྲི་ཀ་རྫོང་གི་རྨ་ཆུའི་གྲོག་རོང་སུམ་པ་འགག་ཏུ་ཁྱོན་མཚོ་གླག་རྔ་དཀར་བཅུ་གྲངས་ཙམ་ཡོད་པ་ར་སྤྲོད་ངོས་འཛིན་བྱུང་ཡོད།