རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་2019ལོའི་དུས་ཆེན་གྱི་ངལ་གསོའི་ཉིན་མོ་ཁག་གཅིག་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-10



     ཟླ་12ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་2019ལོའི་དུས་ཆེན་གྱི་ངལ་གསོའི་ཉིན་མོ་ཁག་གཅིག་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ།  རྡ་ཐོ་ཆ་ཚང་གཤམ་གསལ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་གི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུད་ཁག་དང་ ཐད་གཏོགས་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2019ལོའི་གནམ་ལོ་གསར་ཚེས་དང་།  དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཚིགས། ངལ་རྩོལ་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོན་སོགས་ལ་ངལ་གསོ་བཞག་རྒྱུའི་དུས་ཚོད་བཀོད་སྒྲིག་གི་བརྡ་ཐོ་གཤམ་གསལ།
     གཅིག གནམ་ལོ་གསར་ཚེས། 2018ལོའི་ཟླ་12ཚེས་30ཉིན་ནས་2019ལོའི་ཟླ་1ཚེས་1ཉིན་ངལ་གསོ་སྟེ། ཁྱོན་ཉིན་3ཡིན་། 2018ལོའི་ཟླ་12ཚེས་29ཉིན(གཟའ་སྤེན་པ)ལས་ཀར་ཞུགས་དགོས་པ།
          གཉིས། དཔྱིད་གསར་དུས་ཆེན། ཟླ་2ཚེས་4ཉིན་ནས་ཚེས་10ཉིན་བར་ངལ་གསོ་སྟེ། ཁྱོན་ཉིན་7ཡིན།  ཟླ་2ཚེས་2ཉིན(གཟའ་སྤེན་པ) ཟླ་2ཚེས་3ཉིན་(གཟའ་ཉི་མ)ལས་ཀར་ཞུགས་དགོས་པ།           གསུམ། དྭངས་གསལ་དུས་ཚིགས། ཟླ་4ཚེས་5ཉིན་ངལ་གསོ་སྟེ། གཟའ་མཇུག་དང་མཉམ་དུ་ངལ་གསོ་བྱ་རྒྱུ།   
    བཞི། ངལ་རྩོལ་དུས་ཆེན། ཟླ་5ཚེས་1ཉིན་ངལ་གསོ་ཡིན།
    ལྔ། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་6ཚེས་7ཉིན་ངལ་གསོ་སྟེ། གཟའ་མཇུག་དང་མཉམ་དུ་ངལ་གསོ་བྱ་རྒྱུ། 
    དྲུག ཟླ་མཆོད་དུས་ཆེན། ཟླ་9ཚེས་13ཉིན་ངལ་གསོ་སྟེ། གཟའ་མཇུག་དང་མཉམ་དུ་ངལ་གསོ་བྱ་རྒྱུ།  
    བདུན། རྒྱལ་སྟོན། ཟླ་10ཚེས་1ཉིན་ནས་ཚེས་7ཉིན་བར་ངལ་གསོ་སྟེ། ཁྱོན་ཉིན་7ཡིན་པ་དང་།  ཟླ་9ཚེས་29ཉིན་(གཟའ་ཉི་མ) ཟླ་10ཚེས་12ཉིན(གཟའ་སྤེན་པ)ལས་ཀར་ཞུགས་དགོས་པ།
        དུས་ཆེན་གྱི་ངལ་གསོའི་རིང་ལ། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་ལས་རེས་དང་།  བདེ་འཇགས། བདེ་སྲུང་སོགས་ཀྱི་ལས་ཀ་བཀོད་སྒྲིག་ཡག་པོ་བྱེད་དགོས་ལ། ཚབས་ཆེའི་ཐོལ་བྱུང་དོན་རྐྱེན་ཐོན་ཚེ་གཏན་འབེབས་ལྟར་དུས་ཐོག་ཏུ་གོང་ཞུ་བྱེད་པ་མ་ཟད་ཐག་གཅོད་ཡག་པོ་བྱེད་དགོས། མི་དམངས་མང་ཚོགས་བཀྲ་ཤིས་འཆམ་མཐུན་ངང་དུས་ཆེན་གྱི་ངལ་གསོར་རོལ་ཐུབ་པའི་འགན་ལེན་བྱེད་དགོས།
                                        རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ནས། 
                                         2018ལོའི་ཟླ་12ཚེས་4ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1