ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་ལས་དོན་གྱི་འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-14


        ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག  སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་དེ་2019ལོའི་ཟླ་དང་པོའི་ཚེས་14ཉིན་ཁྲེན་ཏུའུ་རུ་ཚོགས་རྒྱུ་གཏན་ཁེལ་བྱས། ཚོགས་ཡུན་སྔོན་དཔག་བྱས་ན་ཉིན་6ཡིན་པ་རེད། ཚེས་11ཉིན། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་ལས་དོན་གྱི་འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་ནས། ཚོགས་འདུའི་གྲ་སྒྲིག་ལས་དོན་སྤེལ་འགོ་ཚུགས་པ་རེད། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཧོང་ཞིན་ཁྲུའུ་ཡིས་ཚོགས་འདུ་ལ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་། 
        གྲོས་ཚོགས་ཐོག ལོ་གཅིག་དུས་གཅིག་གི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ཞིང་། སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད་པས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ལེགས་པར་གཉེར་རྒྱུ་དེ་ཁྱོན་ཡོངས་ནས་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་སྐབས་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སེམས་ཐག་གཙང་བཅད་སྒོས་ལག་བསྟར་དང་དོན་འཁྱོལ་བྱས་ནས། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་སྤེལ་གཏོང་བར་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བར་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་ཅེས་བསྟན། 
        གྲོས་ཚོགས་ཐོག  དར་ཆ་གསལ་བསྒྲེང་དང་ཁྲིམས་བསྟུན་གཟབ་ནན། ཚད་ལྡན་ཆོད་ཆེ།  སྤྱོད་གཙང་འབད་བརྩོན་བཅས་ཀྱི་བླང་བྱ་ལྟར། གྲ་སྒྲིག་ལས་དོན་ཁག་དམ་འཛིན་ལེགས་པོར་བྱ་དགོས་དང་། ཁྲིམས་བཀོད་གོ་རིམ་ལ་ནན་པོར་གཞིགས་ནས་ཆབ་སྲིད་ཀྱི་རང་བཞིན་དང་། ཁྲིམས་ལུགས་ཀྱི་རང་བཞིན། གོ་རིམ་རང་བཞིན་བཅས་ལ་དམ་པོར་དམིགས་ནས་གྲ་སྒྲིག་ལས་དོན་སྤེལ་ནས།  གྲ་སྒྲིག་ལས་དོན་ཚད་ལྡན་དང་ལས་ཕྱོད་ཆེ་བའི་སྒོ་ནས་སྐུལ་འདེད་གཏོང་བར་འགན་ལེན་བྱ་དགོས། གྲ་སྒྲིག་ལས་ཀར་ཞུགས་པའི་བློ་མཐུན་ཡོངས་ཀྱིས་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འབེབས་བཅུ་དང་དེའི་ལག་བསྟར་ཞིབ་སྲོལ་གཏན་འབེབས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་སྲུང་དང་འཕྲོ་བརླག་ལ་རྒོལ་བའི་སྲོལ་ཡིག་ལ་བརྩི་སྲུང་བྱས་ཐོག ཉིང་སྡུད་དང་འབད་བརྩོན། དངོས་དོན་སྒྲུབ་པ། ལས་ཆོད་ཆེ་བ་བཅས་ཀྱི་བླང་བྱ་ཚོགས་འདུའི་གྲ་སྒྲིག་ལས་ཀའི་ཁྲོད་དུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱ་དགོས་ཞེས་ནན་གྱིས་བསྟན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1