ལྷ་སའི་ཉེན་རྟོག་པས་བོད་ལྗོངས་སུ་ཐོག་མར་བྱུང་བའི་དགོན་སྡེའི་གནའ་ཤུལ་རིག་དངོས་བརྐུས་པའི་གྱོད་གཞི་རྩད་ཆོད་དེ་རིག་དངོས་70ཚུར་བླངས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-18


           ཟླ་12ཚེས་14ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱིས་གཉེར་བའི་སྤྱི་བདེ་ལས་ཁུངས་ཀྱི"ནག་སེལ་གཤེད་བཅོམ"གྱི་ཆེད་དོན་གཙོ་གནད་ཉེས་དོན་མྱུལ་ཞིབ་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། ལྷ་སའི་ཉེན་རྟོག་པས་བོད་ལྗོངས་སུ་ཐོག་མར་བྱུང་བའི་དགོན་སྡེའི་གནའ་ཤུལ་རིག་དངོས་རྐུ་རྒྱག་གྱོད་གཞི་མྱུལ་ཞིབ་བྱས་པ་བརྒྱུད་རྩད་ཆོད་ཅིང་། མིག་སྔར། གནའ་ཤུལ་སྔོག་རྐུ་དང་ཉོ་འཚོང་ཉེས་བསགས་ཀྱི་དོགས་གཞི་ཡོད་པའི་ཉེས་གསོག་དོགས་ཅན་21འཛིན་བཟུང་བྱས་པ་དང་། རྐུ་ཤོར་རིག་དངོས་70ཚུར་བླངས་ཡོད་ཅིང་། མིག་སྔར་གྱོད་དོན་ད་དུང་མྱུལ་ཞིབ་མཐའ་གསལ་བྱེད་བཞིན་ཡོད་པ་རེད།
          ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏན་ཏེ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི་ཟླ་6པར་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་མང་ཚོགས་ཀྱི་ཐེར་འདོན་གཞིར་བཟུང་། ཁྲིམས་འགལ་བས་བཀྲ་ཤིས་ལྗོངས་དགོན་སྡེའི་གནའ་ཤུལ་དུ་རྐུ་འཕྲོག་ཇུས་ངན་གཤོམ་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་རེད། 
         ཁུངས་སྣེར་གཞིགས་ནས་སྟག་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་ཆེད་དོན་གྱོད་གཞིའི་ཚོགས་ཆུང་བཙུགས་ནས་གནས་སྡོད་ལྟ་སྲུང་བྱེད་པར་མངགས་པ་དང་། གྱོད་གཞིའི་གནས་ཚུལ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ལ་གོང་ཞུ་བྱས་ཡོད། ཏན་ཏེ་ཅུན་གྱིས“ང་ཚོས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཆེད་ལས་ལག་རྩལ་མི་སྣ་བཀོད་སྒྲིག་བྱས་ནས་གྱོད་གཞི་སྒྲུབ་གཉེར་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱས་ཡོད”ཅེས་བརྗོད།
         ཟླ་7ཚེས་2ཉིན་གྱི་ཐོ་རེངས་སུ། གྱོད་གཞི་བརྟག་དཔྱད་ཚོགས་ཆུང་གིས་དགོན་སྡེའི་གནའ་ཤུལ་སྔོག་རྐུ་བྱེད་པའི་ཉེས་གསོག་དོགས་ཅན་མི་6རང་སར་འཛིན་བཟུང་བྱས་པ་དང་། ཁུངས་སྣེ་མུ་མཐུད་རྩད་གཅོད་མཐའ་གསལ་བྱས་པ་བརྒྱུད། གྱོད་འབྲེལ་ཉེས་གསོག་དོགས་ཅན་གཞན་15གཅིག་རྗེས་གཉིད་མཐུད་ངང་ཁྲིམས་རྒྱར་ཚུད་ཡོད།
          ཉེན་རྟོག་ཕྱོགས་ཀྱིས་འདྲི་གཅོད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་དྲུག་པ་ནས་ཟླ་བདུན་པ་བར། ཉེས་གསོག་དོགས་ཅན་ལྷག་ག་གེ་མོ་སོགས་མི་གསུམ་གྱིས་པ་ག་གེ་མོ་སོགས་སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་སྟག་རྩེ་ཆུས་བཀྲ་ཤིས་ལྗོངས་དགོན་སྡེའི་གནའ་ཤུལ་དུ་བསྐྱོད་དེ་ལྕགས་ཁེམ་སོགས་ཡོ་བྱད་སྤྱད་ནས་གནའ་ཤུལ་སྔོག་རྐུ་ཐེངས་8བྱས་པ་དང་། ལྷ་སྐུ་སྣ་ཚོགས་དང་ཟངས་ཀྱི་རིག་དངོས་སོགས་ཁྱོན་བསྡོམས་48བརྐུས་པའི་ནང་རིམ་པ་གཉིས་པའི་རིག་དངོས་4དང་རིམ་པ་གསུམ་པའི་རིག་དངོས་4 སྤྱིར་བཏང་གི་རིག་དངོས་40བཅས་ཡོད་པ་རེད།
          མིག་སྔར། གྱོད་གཞི་དེའི་ཉེས་གསོག་དོགས་ཅན་མི་21གི་ནང་ནས་གྱོད་འབྲེལ་མི་16ཁྲིམས་ལྟར་འཛིན་བཟུང་བྱས་པ་དང་། མི་4ཉེས་དོན་བཀག་ཉར་བྱས་པ། མི་1གྱོད་དོན་གཞན་དང་འབྲེལ་བའི་རྐྱེན་གྱིས་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་དུ་རྩིས་སྤྲད་ཡོད། བརྐུས་པའི་རིམ་པ་གཉིས་པའི་རིག་དངོས་4དང་རིམ་པ་གསུམ་པའི་རིག་དངོས་10 རིག་དངོས་དཀྱུས་མ་56དང་བཙོག་དངུལ་སྒོར་ཁྲི་15.5ཚུར་བླངས་ཡོད་པ་རེད།

          གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག  ལྷ་ས་གྲོང་ཁྱེར་གྱི་ཉེན་རྟོག་ཕྱོགས་ཀྱིས་ད་དུང"ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ཟིང་བཅོས”ཀྱི་ཆེད་དོན་འཐབ་རྩོད་བྱས་པ་ནས་བཟུང་། "9·8"རྐང་བཙུགས་ནས་མི་བསད་པའི་གྱོད་དོན་དང་ངན་ཚོགས་ཀྱི་གྱོད་དོན་གཉིས་མྱུལ་ཞིབ་དང་རྩད་གཅོད་བྱས་ཚུལ་ངོ་སྤྲོད་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1