ཟླ་12ཚེས་17ཉིན་གྱི་དགོང་མོར། གསར་གཏོད་བྱས་པའི་ཞབས་བྲོའི་ཟློས་གར《ཐང་ག》མཚོ་སྔོན་ཟློས་གར་ཁང་ཆེན་མོར་འཁྲབ་སྟོན་བྱས་པ་དང་། ཞབས་བྲོའི་ཟློས་གར་《ཐང་གའི་》ནང་ལྷ་འབྲི་བ་མི་རབས་གསུམ་གྱིས་སྔ་དུས་ནས་ད་བར་ཚེ་སྲོག་ལ་གཅེས་པ་བཞིན་རི་མོ་འབྲི་བ་དང་། ལྷག་བསམ་དག་པའི་ངང་ཐང་གའི་རྒྱུ་རྩལ་གྱི་སྙིང་སྟོགས་དར་སྤེལ་བཏང་བ་འཁོད་ཡོད།