༄༅། །ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་དེབ་དཔྱད་ཡིག་ཁང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-17


གཞུང་དངོས་ཡིག་གཟུགས།  དབུ་ཅན་གསར་ཆུང་། དཔེ་ཚུགས། འབྲུ་ཚ། ཚུགས་མ་འཁྱུག དབུ་ཅན་གསར་ཆེན། དབུ་ཅན་སུག་ཐུང་། དཔེ་མཛོད་ཁང་ནི་ཚད་ལྡན་དཔྱད་གཞིའི་ཡིག་རིགས་འཚོལ་སྡུད་དང་། ལེགས་སྒྲིག་ཞིབ་འཇུག་བཅས་བྱས་ཏེ་ཚན་རིག་ཞིབ་འཇུག་བྱེད་པར་ཞབས་ཞུ་དང་རོགས་སྐྱོར་་བྱེད་མཁན་ལས་ཁུངས་ཤིག་ཡིན་ལ། བརྡ་གཏོང་གློག་ལམ་དྲ་བའི་ལག་རྩལ་གྱི་ལམ་ནས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་དག་འགྲེམས་གཏོང་བྱེད་བཞིན་པ་ཡོད། 
དཔེ་མཛོད་ཁང་གི་གནས་ཚུལ་ངོ་སྤྲོད་།
    དཔེ་མཛོད་ཁང་ནི་ཚད་ལྡན་དཔྱད་གཞིའི་ཡིག་རིགས་འཚོལ་སྡུད་དང་།  ལེགས་སྒྲིག་ཞིབ་འཇུག་བཅས་བྱས་ཏེ་ཚན་རིག་ཞིབ་འཇུག་བྱེད་པར་ཞབས་ཞུ་དང་རོགས་སྐྱོར་་བྱེད་མཁན་ལས་ཁུངས་ཤིག་ཡིན་ལ།    བརྡ་གཏོང་གློག་ལམ་དྲ་བའི་ལག་རྩལ་གྱི་ལམ་ནས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་དག་འགྲེམས་གཏོང་བྱེད་བཞིན་པ་ཡོད། 
དཔེ་ཁང་གི་རྩ་བའི་ལས་འགན་།
    བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་གི་ལས་དོན་དང་ཞིབ་འཇུག་བྱ་གཞིར་དམིགས་ནས་དུས་ཐོག་ཏུ་དཔེ་དེབ་དཔྱད་གཞི་འཚོལ་སྡུད་དང་ལེགས་སྒྲིག་འདོན་སྤེལ་བྱེད་པ་དང་།   ལོ་རྒྱུས་ཡིག་ཚགས་རྩོམ་སྒྲིག་དང་དཔེ་སྐྲུན་བྱེད་པ། གློག་བརྙན་དང་བརྙན་འཕྲིན་དཔྱད་གཞི་འཚོལ་སྡུད་བྱེད་པ་བཅས་ཡིན། 
    དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི་བཅུ་ཙམ་དང་དུས་དེབ་བཞི་སྟོང་བཞི་བརྒྱ་ལྷག་ཙམ་ཉར་ཚགས་བྱས་ཡོད་པ་དང། བོད་ཡིག་གི་གནའ་དཔེ་ཁག་གཅིག་ཉར་ཚགས་བྱས་ཡོད་པ་དེའི་ནང་གི་བོད་ཡིག་གི《བཀའ་བསྟན་འགྱུར》ནི་གཞན་ལས་དཔར་གཞི་མང་ཤོས་དང་སྣ་རིགས་འཛོམས་ཤོས་ཡིན་པ་དེ་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་ཡོད།  ད་དུང་རྩ་ཆེ་བའི་བརྙན་ཕབ་དང་སྒྲ་ཕབ། པར་རིས་དཔྱད་གཞི། བོད་ཀྱི་ལོ་རྒྱུས་ཡིག་ཚགས། མིན་གོའི་ལོ་རྒྱུས་ཡིག་ཚགས། ལེགས་སྦྱར་གྱི་ཡི་གེ་དང་ཏ་ལའི་ལོ་མའི་ཆོས་དཔེ་འདྲ་བཟོས་ཡིག་ཆ་སྟོང་ཕྲག་ཁ་ཤས་བཅས་ཉར་ཚགས་བྱས་ཡོད།  དེ་མིན་བོད་རིག་པ་ལ་མཁས་པའི་དབང་པོ་དག་གི་དཔེ་མཛོད་ཆེད་དུ་བཟོས་ནས་དེའི་ནང་དུ་ཡུས་ཏའོ་ཆོན་དང་། ཀྲང་ཧྲི་ཁུན། ལི་ཝུའུ་དབྱང་། ལིའུ་ཧྲིན་ཆི་སོགས་ཀྱི་ཁྱིམ་མིས་ཕུལ་བའི་དཔེ་དེབ་(ཡང་ན་དཔར་ལོག་བརྒྱབ་པ་)ཀྱང་ཉར་ཚགས་བྱས་ཡོད་པའོ། ། 
     དཔེ་མཛོད་ཁང་གི་ཚད་ལྡན་ཡིག་ཆ་བཙལ་འཚོལ་གྱི་ཆ་ནས་གློག་རྡུལ་ཅན་དང་བརྡ་གཏོང་གློག་ལམ་གྱི་དྲ་བ་ཅན་གྱི་ལམ་ནས་བསྟར་བ་མངོན་འགྱུར་བྱུང་ཡོད་པས།  ཚན་རིག་ཞིབ་འཇུག་གི་ལས་དོན་གནང་མཁན་དག་ལ་ཤིན་ཏུ་སྟབས་བདེ་བསྐྲུན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1