སི་ཁྲོན་བོད་ཁུལ་མང་ཚོགས་ཀྱི་ནད་པར་སྨན་བཅོས་བྱེད་ཐུབ་པ་མངོན་འགྱུར་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-20


        དུས་ཡུན་རིང་པོའི་ཁྲོད། སི་ཁྲོན་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་སྲིད་གཞུང་གི་བོད་རིགས་ས་ཁུལ་གྱི་སྨན་བཅོས་བྱ་གཞག་གོང་འཕེལ་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས། སྨན་བཅོས་འཕྲོད་བསྟེན་རིམ་སྤོར་འཆར་གཞི་ལག་བསྟར་བྱས་པ་དང་། མང་ཚོགས་ལ་ནད་བྱུང་དུས་དུས་ཐོག་དུ་སྨན་བཅོས་ཐུབ་ཡོད། ལོ་རེར་ཞིང་ཆེན་རིམ་པའི་ནོར་སྲིད་ཐད་སྒོར་དུང་ཕྱུར་2བོད་ཁུལ་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ཐད་འགྲོ་སོང་གསར་འཕར་བྱེད་བཞིན་ཡོད། བོད་ཁུལ་གྱི་རིམ་པ་སོ་སོའི་སྨན་ཁང་སྨན་པའི་གྲངས་འབོར། དངོས་ཡོད་ཀྱི་ནད་ཁྲིའི་གྲངས་དེ་2012ལོ་ནས་སོ་སོར་30%དང་ 25% འཕར་ཡོད། རྣམ་པ་གསར་པའི་གྲོང་གསེབ་མཉམ་ལས་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་99% ཡན་ཟིན་ཡོད། གྲུམ་བུ་ཚིགས་ཆེན་གྱི་ནད་བསྟུད་མར་ལོ་བརྒྱད་ལ་གསར་སྐྱེད་ནད་དཔེ་ཡོད་མེད་སྟབས་མི་རེའི་ཆ་སྙོམས་ཚེ་ཚད་2012ལོའི་72.09ནས་ལོ་74འཕར་ཡོད། 2017 ལོར། རང་རེའི་ཞིང་ཆེན་གྱི་བོད་ཁུལ་གྱི་དམངས་ཕན་ལས་གཞི་དྲུག་གིས་བོད་ཁུལ་གྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལེགས་སུ་གཏོང་གང་ཐུབ་བྱས། མ་དངུལ་སྒོར་དུང་ཕྱུར་36.6 བཏང་་ཡོད་། ཞང་གྲོང་གི་འཕྲོད་བསྟེན་ཁང་དང་། གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང་གི་སྟོབས་ཤུགས་རྒྱ་སྐྱེད་བྱས་པ་དང་། བོད་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་མ་ལག་ལ་དེ་བས་རྒྱ་ཆེ་བ་དང་། སྲ་བརྟན་གྱི་རྨང་གཞི་བཏང་། རང་རེའི་ཞིང་ཆེན་གྱི་ནང་སའི་གྲོང་ཁྱེར་གྱིས་བོད་ཁུལ་གྱི་ས་གནས་འཕྲོད་བསྟེན་ལ་རོགས་སྐྲུན་རྒྱུན་མཐུད་ངང་སྤེལ་ཡོད། ཀྲུང་དབྱང་འགོ་ཁྲིད་ཀྱི་ཐུགས་ཁུར་དང་སྐུལ་འདེད་འོག རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་། ཀྲུང་དབྱང་གི་བོད་ལྗོངས་གཞུང་དོན་ཁང་སོགས་སྡེ་ཚན་གྱི་རྒྱབ་སྐྱོར་འོག་2015ལོར་དཀར་མཛེས་ཁུལ་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ཚོད་ལྟའི་ས་ཚིགས་བཙུགས་པ་དང་། ནུས་ལྡན་ངང་ཐུམ་འབུའི་ནད་བཀག་འགོག་བྱས་ཏེ་ས་མཐོའི་ས་གནས་འགོས་ནད་འགོག་བཅོས་བྱས་པའི་ཀྲུང་གོའི་ཉམས་མྱོང་འཚོལ་བཤེར་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1