ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ནི་གང་སར་གྲགས་པའི་ཁྲུང་ཁྲུང་སྐེ་ནག་གི་དགུན་སྒྲོལ་བྱེད་ཡུལ་ཡིན་ལ། ལོ་རེའི་ཟླ་10པའི་ཟླ་དཀྱིལ་ནས་བཟུང་། ཁྲུང་ཁྲུང་སྐེ་ནག་འབོར་ཆེན་ཞིག་གནས་སྤོས་ནས་འདིར་སླེབས་ཀྱི་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ལྷུན་གྲུབ་རྫོང་དུ་དགུན་སྒྲོལ་བྱེད་པར་ཡོང་བའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་1700ཡས་མས་སུ་བརྟན་པོའི་ངང་གནས་པ་དང་། མང་བའི་དུས་སུ་2000ཡས་མས་ཟིན་གྱི་ཡོད་། ཟླ་12ཚེས་18ཉིན་ནས་ཚེས་19ཉིན་བར་བོད་ལྗོངས་ཀྱི་ས་གནས་མང་ཆེ་བར་ཁ་བ་བབས་པས། ཁ་བའི་ཁྲོད་ཀྱི་ཁྲུང་ཁྲུང་སྐེ་ནག་དེ་བས་མཛེས་བར་སྣང་།