ཐོན་རྫས་རིམ་པ་སྤར་ནས་ཁྲོམ་ར་གཟུང་ཐབས་བྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། 01-03


འདི་ནི་མཉམ་ལས་ཁང་དེའི་འཁོར་ཁང་དུ་ལས་དོན་མི་སྣས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་པ།
         2013ལོར་བཙུགས་པའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དབུས་རུ་ཤར་རྩམ་པ་ཞིང་ཟོག་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གིས་ཞིང་ཟོག་ཐོན་རྫས་བསྡུ་སྒྲུབ་དང་། ལས་སྣོན། བྲིན་ཚོང་སོགས་བྱས་ནས་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོའི་དུད་ཚང་16གི་མི་43གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པས། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་2000ལྷག་ཙམ་དང་། མི་རེར་ཆ་སྙོམས་འབབ་འཕར་སྒོར་700ལྷག་ཙམ་བྱུང་ཡོད། མིག་སྔར། མཉམ་ལས་ཁང་དེས་ལྷ་སའི་ཉེ་འཁོར་མི་སེར་གྱི་བཟའ་འཐུང་གོམས་གཤིས་དང་བསྟུན་ནས་ཐོན་སྐྱེད་བྱས་པའི་བདེ་ཐང་དང་། ལྗང་མདོག བདེ་འཇགས་བཅས་ཀྱི་བོད་ལུགས་ཤ་སྨན་དང་སུར་པན་སོགས་ཀྱི་ཐོན་རྫས་རྣམ་པ་གསར་རྐྱང་ནས་ཁྲོམ་རར་འདོན་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1