༄༅། །ཁྲིམས་ལུགས་ཤེས་བྱ་སློབ་རར་འདྲེན་པ་དང་«ན་གཞོན་ཁྲིམས་ལུགས་ཤེས་བྱའི་ལག་དེབ»ཀྱི་དཔེ་ཆ་སྟེར་བའི་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


    

            སྤྱི་ཟླ༡༠བའི་ཚེས་༢༢ཉིན་གྱི་དགོང་མོའི་དུས་ཚོད་བདུན་སྟེང་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གིས་རྙོག་འཛིང་དང་བསླུ་བྲིད་ཀྱིས་ཁེངས་བའི་སྤྱི་ཚོགས་ལ་ཁ་གཏད་ནས་སློབ་མའི་བདེ་འཇགས་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྔོན་འགོག་བྱེད་ཆེད་ཁྲིམས་ལུགས་སློབ་རར་འདྲེན་པའི་བྱ་འགུལ་དང་«ན་གཞོན་ཁྲིམས་ལུགས་ཤེས་བྱའི་ལག་དེབ»ཀྱི་དཔེ་ཆ་སྟེར་བའི་བྱེད་སྒོ་གཉིས་མཉམ་གཅིག་ཏུ་སློབ་གྲྭའི་ཚོད་ལྟའི་ཐོག་ཁང་ནས་གཟབ་རྒྱས་ངང་བསྡུས། ཚོགས་འདུའི་སྟེང་རྫོང་ཁྲིམས་འཛིན་སྡེ་ཁག་གི་ཆེད་མཁས་པ་བློ་མཐུན་ཚེ་དཔའ་ཐར་གདན་དྲངས་ནས་སློབ་གཙོ་སྐར་མ་སྐྱབས་དང་སློབ་གཙོ་གཞོན་པ་འཇིགས་བྱེད་གཙོ་བྱས་པའི་འབྲེལ་ཡོད་མི་སྣ་དག་དང་མཉམ་དུ་མཐོ་འབྲིང་ཚན་སྐོར་གྱི་སློབ་མ་ཡོངས་ལ་སྤྱི་ཚོགས་འཚོ་བ་དངོས་དང་འབྲེལ་བའི་བཅའ་ཁྲིམས་སྐོར་ཞིག་འཆད་ཁྲིད་བྱས། བློ་མཐུན་ཚེ་དཔའ་ཐར་གྱིས་མིག་སྔར་བྱུང་ཟིན་པའི་དཔེ་མཚོན་རང་བཞིན་གྱི་གྱོད་དཔེ་འགའ་ལ་དབྱེ་ཞིབ་བྱས་པ་དང་སྦྲགས། ཁྲིམས་འགལ་བྱ་སྤྱོད་ཀྱི་ཚད་གཞི་ལྟར་ཉེས་ཆད་གཅོད་སྟངས་དང་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་ཐེབས་པར་སྤྱོད་པའི་ཐབས་ལམ་དང་ཞུ་གཏུག་བྱེད་སྟངས་དག་ངོ་སྤྲོད་བྱས་ལ། ཁྲིམས་འགལ་གྱི་ནག་ཉེས་རང་བཞིན་ནན་གྱིས་འཆད་ཁྲིད་བྱས།

           མཇུག་མཐར་ཁོ་བོས་ཁྲིམས་ལུགས་ལ་བརྩི་སྲུང་དང་ཁྲིམས་ལུགས་ལ་ཤེས་རྟོགས། ནག་ཉེས་བླང་དོར་ཤེས་པའི་ཁྲིམས་མཐུན་གྱི་སྤྱི་དམངས་ཞིག་བྱེད་དགོས་པ། བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་མཉམ་དུ་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་ཡ་རབས་ཚུལ་ལྡན་གྱི་སློབ་མ་ཞིག་བྱེད་དགོས་པའི་ཤ་ཚའི་ཁ་ཏ་ནན་བཤད་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1