འཛམ་གླིང་གི་སློབ་གྲྭ་ཆེན་མོ་བའི་སྤྱི་གྲངས་ལས་ཀྲུང་གོ་ནི་ཨང་དང་པོ་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        ན་ནིང་གི་ཟླ9བའི་ཚེས28ཉིན། སློབ་གསོ་པུའུ་ཡི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་གསལ་ལྟར་ན། 2012ལོ་ནས2016ལོའི་བར་རྒྱལ་ཁབ་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གྱིསGDPལས་ཟིན་པའི་བསྡུར་གྲངས་བསྟུད་མར་ལོ5རིང4%ལས་བརྒལ་བ་དང་། ལོ5ཡི་རིང་བསྡོམས་པས་སྒོར་དུང་ཕྱུར་ཁྲི13.5བཏང་བས། 1952ལོ་ནས2011ལོའི་བར་གྱི་ལོ60རིང་གི་མ་དངུལ་སྤྱི་གྲངས་ལས་བརྒལ་ཡོད།

        2016ལོར། རང་རྒྱལ་དུ་བསྡོམས་པས་རིམ་པ་སོ་སོའི་སློབ་གྲྭ་སྣ་ཚོགས་ཁྲི51.2ཡོད་པ་དང་། རིམ་པ་སོ་སོའི་སློབ་གཉེར་བརྒྱུད་རིམ་སློབ་གསོའི་སློབ་གྲྭ་བ་མི་དུང་ཕྱུར2.65ཡོད། སློབ་གཉེར་བརྒྱུད་རིམ་སློབ་གསོ་མིན་པའི་ཐོ་འགོད་མི་གྲངས་ཁྲི5325.5ཡོད། སློབ་ན་མ་སོན་པའི་སྔོན་གྱི་ལོ་གསུམ་ནང་བྱིས་བཅོལ་ཁང་དུ་ཞུགས་ཚད77.4%ལ་སླེབས་པ་དང་། ལོ5ཡི་ནང་བརྒྱ་ཆའི་ཆ12.9ཇེ་མང་དུ་སོང་བས། ཡོང་སྒོ་འབྲིང་མཐོའི་མཚམས་སུ་གནས་པའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད73.7%ལས་བརྒལ། 2016ལོར་རང་རྒྱལ་གྱི་སློབ་ཆུང་གི་སློབ་ལོ་རན་པའི་བྱིས་པའི་སློབ་ཞུགས་ཚད99.92%ལ་སླེབས་པ་དང་། ལོ་དགུའི་འོས་འགན་སློབ་གསོའི་བརྟན་སྲུང་ཚད93.4%ཡིན། ལོ་དགུའི་འོས་འགན་སློབ་གསོའི་ཁྱབ་སྤེལ་ཆུ་ཚད་འཛམ་གླིང་གི་ཡོང་སྒོ་མཐོ་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ་རེད།  མཐོ་རིམ་སློབ་གསོའི་སློབ་གྲྭ་རུ་ཡོད་པའི་སློབ་མའི་སྤྱི་གྲངས་ནི་ཁྲི3699ཡིན་པས། 2012ལོ་ལས་མི་ཁྲི373.8འཕར་བ་དང་།  འཕར་ཚད་ནི11.2%ཡིན་པས།  འཛམ་གླིང་གི་མཐོ་རིམ་སློབ་གསོའི་སྤྱི་གྲངས་ཀྱི་བསྡུར་ཚད20%ལ་སླེབས་པ་དང་། འཛམ་གླིང་གི་མཐོ་རིམ་སློབ་གསོའི་རྒྱལ་ཁབ་ཆེན་པོ་སྟེ་ཨང་དང་པོར་གྱུར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1