མིག་སྔར་རིག་ནུས་ལག་ཁྱེར་ཁ་པར་དང4Gདྲ་བ་ཁྱབ་གདལ་དུ་སོང་བར་བསྟུན། སྤོ་སྒུལ་འཕྲིན་འབྲེལ་དྲ་བའི་དྲ་སྐར་རྒྱུག་ཚད་ཀྱི་འཛད་སྤྱོད་རིམ་བཞིན་འཕར་བཞིན་འདུག རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱི་གྲངས་ཀ་གསར་བ་ལས་མཚོན་པ་ལྟར་ན། ལོ་སྟོད་དུ་རང་རྒྱལ་སྤོ་སྒུལ་འཕྲིན་འབྲེལ་གྱི་དྲ་སྐར་རྒྱུག་ཚདGདུང་ཕྱུར88.9ལ་སླེབས་པས།ལོ་སྔོན་མ་ལས136.8%འཕར་བ་དང་། མིག་སྔར་རང་རྒྱལ"དྲ་སྐར་རྒྱུག་ཚད་སྤྱི་ཚོགས"སུ་ཕྱིན་ཡོད།
ད་ལྟ་དྲ་སྐར་རྒྱུག་ཚད་ཡོད་ན། རིག་ནུས་ལག་ཁྱེར་ཁ་པར་གཅིག་གིས་ང་ཚོའི་རྒྱུན་ལྡན་གྱི་འཚོ་བ་ཚང་མ་ཐག་གཅོད་ཐུབ། སྤོ་སྒུལ་གཏོང་སྤྲོད་དང་སྤོ་སྒུལ་རོལ་རྩེད། སྤོ་སྒུལ་གཞུང་ལས་སོགས་གྲངས་ཀའི་དྲ་སྐར་རྒྱུག་ཚད་ནི་དེང་རབས་སྤྱི་ཚོགས་ཀྱི་ཆ་འཕྲིན་བརྒྱུད་སྤྲོད་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར།
2016ལོར་རང་རྒྱལ་གྱི་སྤོ་སྒུལ་འཕྲིན་འབྲེལ་དྲ་བར་དྲ་སྐར་རྒྱུག་ཚདGདུང་ཕྱུར93.6མཐུད་པས། 2012ལོ་ལསGདུང་ཕྱུར84.8འཕར་བ་དང་ལོ་རེར80.6%འཕར། ཆེད་མཁས་པས་དབྱེ་ཞིབ་བྱས་པ་ལྟར་ན། སྤོ་སྒུལ་གྲངས་ཀའི་དྲ་སྐར་རྒྱུག་ཚད་དང་འཚོ་བའི་བར་གྱི་འབྲེལ་བ་ཇེ་དམ་དུ་འགྱུར་བ་དང་བསྟུན་ནས། ཀྲུང་གོ་ཁྱོན་ཡོངས་ནས"དྲ་སྐར་རྒྱུག་ཚད་སྤྱི་ཚོགས"སུ་ཕྱིན་ཡོད།
དབྱེ་ཞིབ་བྱས་པ་ལྟར་ན། ལག་ཁྱེར་ཁ་པར་གྱི་དྲ་བ་མཁོ་མི་ཇེ་མང་ཡིན་པ་ནི་སྤོ་སྒུལ་དྲ་སྐར་རྒྱུག་ཚད་འཕར་བའི་རྒྱུ་མཚན་ཞིག་ཡིན། དེའི་མཚུངས་སུ་ལག་ཁྱེར་ཁ་པར་གྱི་དྲ་སྐར་རྒྱུག་ཚད་ཀྱི་རིན་གོང་མར་བབས་པ་ནི"དྲ་སྐར་རྒྱུག་ཚད་སྤྱི་ཚོགས"ལ་སྐུལ་འདེད་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན། ཆ་འཕྲིན་འཛད་སྤྱོད་མནའ་འབྲེལ་གྱི་ལས་འཛིན་མགོ་གཙོ་ཞང་ལི་ཀང་གིས་བསྟན་དོན། "སྔོན་ཆད2Gཡིན་དུས1Gལ་སྒོར་ཁྲི་གཅིག་དགོས། དཔེར་ན་ཟླ་གཅིག་ནང་དྲ་སྐར་རྒྱུག་ཚད1Gབཀོལ་ན། སྒོར་མོ་ཁྲི་གཅིག་བཀོལ་དགོས། དེ་ནི་འཛད་སྤྱོད་པ་ཞིག་ལ་མཚོན་ན། ཁུར་པོ་ལྗིད་མོ་ཞིག་ཡིན། ད་ལྟ་སྒོར10འམ་སྒོར20ཡིས1GBཉོ་ཐུབ་པས། ཟླ་རེརGའགའི་དྲ་སྐར་རྒྱུག་ཚད་ཀྱང་བཀོལ་ཐུབ། རིན་གོང་མར་བབས་པ་དང་བསྟུན་ནས། ཚང་མས་དྲ་སྐར་རྒྱུག་ཚད་དེ་རྒྱུན་ལྡན་གྱིས་བེད་སྤྱོད་གཏོང་བཞིན་ཡོད། འོ་ན། ངས་བལྟས་ན5Gསླེབས་དུས1Gཡི་འགྲོ་སྒོ་སྒོར1ཡས་མས་སུ་འབབ་ཐུབ"ཅེས་བཤད།
དྲ་སྐར་རྒྱུག་ཚད་ལས་ཐོབ་པ་ནི་འཚོ་བའི་སྟབས་བདེ་ཁོ་ན་མིན་པར། ད་དུང་ལས་རྣམ་གསར་བ་དང་ཐོན་ལས་གསར་བ་བྱུང་དང་འབྱུང་བཞིན་ཡོད་པས། སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་འགྱུར་ལྡོག་གཏོང་བཞིན་འདུག ང་ཚོར་སྔོན་ཆད"4Gཡིས་འཚོ་བ་བསྒྱུར་ལ། 5Gཡིས་སྤྱི་ཚོགས་བསྒྱུར་ངེས"ཞེས་པའི་བཤད་སྲོལ་ཞིག་ཡོད། དཔེར་ན་གནམ་གྲུ་ཐང་དུ་འགྲོ་དུས། ཚོད་འཛིན་ལྟེ་གནས་ལ་བརྡ་བརྒྱབ་ན། ཚོད་འཛིན་ལྟེ་གནས་ཀྱིས་རླངས་འཁོར་མངགས་ནས་ཁྱོད་རང་བསུ་རུ་ཡོང་བ་དང་། གནམ་གྲུ་ཐང་དུ་བསྐྱལ་རྗེས་རླངས་འཁོར་དེ་མི་གཞན་བསུ་རུ་འགྲོ་ངེས། དེ་ལྟར་སྤྱི་ཚོགས་ཧྲིལ་པོ་བརྒྱུད་རིམ་དེ་ནས་གྱུར་དང་འགྱུར་བཞིན་འདུག།
(《མང་བཏུས》ཚང་མ《མཚོ་སྔོན་བོད་ཡིག་གསར་འགྱུར》ལས་བཤུས།)