ཧར་ཐག་གིས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བ་བསྐྲུན་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        ཉེ་ཆར་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏུ་ན་ནིང་གི་ཚུན་དུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་།མིག་སྔར་རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱེད་པའི་ཐད་ཐུག་པའི་གནས་བབ་གསར་བར་དབྱེ་ཞིབ་བྱས་པ་མ་ཟད།2018ལོའི་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱིའི་བླང་བྱ་བཏོན།རང་ཞིང་གི་གསར་ཞིང་སྔར་ལས་ཆེ་བའི་འཕེལ་རྒྱས་བྱེད་པར་ཁ་ཕྱོགས་གསལ་བོར་བསྟན། མཚོ་སྔོན་གསར་བ་ནི་ལས་ནས་བྱུང་བ་ཡིན་པས། ང་ཚོས་ངེས་པར་དུ་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱེད་པ་དང་།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་གཏིང་ཟབ་ཏུ་བཏང་ནས། "གོམ་སྟབས་གཅིག་དང་སྔར་ལས་ལྷག་པར་བཞིའི"འབད་བརྩོན་དམིགས་འབེན་མངོན་དུ་འགྱུར་ཆེད་ཤེས་རིག་དང་སྟོབས་ཤུགས་འབུལ་དགོས།

        2017ལོ་ནི་མཚོ་སྔོན་འཕེལ་རྒྱས་བྱས་པའི་ལོ་རྒྱུས་ཐོག་ཧ་ཅང་གལ་ཆེན་གྱི་ལོ་གཅིག་ཡིན། ལོ་དེར་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་འཚོགས་པར་མདུན་བསུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་བྱས། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་སྐད་ཆར་མཉན་པ་དང་རང་གི་རྗེས་སུ་འབྲང་བའི་རང་རྟོགས་སྒོས་བྱ་སྤྱོད་ནས་ཡོང་བ་དང་། ཞིང་ཆེན་ཏང་གི་འཐུས་ཚོགས་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་ནས་བསྡུས་པ་དང་། "བསྒྱུར་བ་བཞི"ལ་བརྟེན་ནས"ཏན་ཏན་ཏིག་ཏིག་བཞིའི"བླང་བྱ་གལ་ཆེན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་བ་ལས་ཡོང་བ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་། སྡེ་བ་བཅས་ཀྱི་རིམ་པ་ལྔའི་མགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་གཞི་རྩའི་ཐོག་ནས་བསྒྲུབས་ཚར་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་ལ་རྣམ་པ་གསར་བ་བྱུང་ཞིང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་རྒྱུན་ཆད་མེད་པར་ཏང་ནང་གི་ཆབ་སྲིད་དང་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་སྣང་ཚུལ་ཇེ་དྲག་ཏུ་གྱུར་བའི་རྣམ་པ་ལས་ཡོང་བ་རེད།

        ལོ་གཅིག་ནང་དུ་ང་ཚོས་ཡིད་ཆེས་དང་དཔའ་སེམས་བཅངས་ཤིང་ལས་འགན་ཁུར་ཕོད་པ།  དངོས་སྒྲུབ། ཕུལ་བ་བཅས་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན། མི་རིགས་སོ་སོའི་མི་དམངས་བཅས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་འཚོགས་པར་མདུན་བསུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་གཙོ་གཞི་བྱས་ཤིང་། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གོང་བུར་བསྒྲིལ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་འཚོགས་པ་འགག་རྩ་བྱས་ཏེ།  "ཏན་ཏན་ཏིག་ཏིག་བཞིའི"བླང་བྱ་གལ་ཆེན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་། རིམ་པ་ལྔའི་མགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་མགོ་རྩོམ་ས་གསར་བར་བརྩིས་ནས། གོམ་གང་མདུན་སྤོའི་སྒོས་མཚོ་སྔོན་དུ་ཏང་གིས་སྲིད་སྐྱོང་བྱེད་པའི་རྨང་གཞི་བརྟན་པོར་བཏང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་གནད་སར་གཙོ་བོར་བྱས་ནས། ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་། རྣམ་གྲངས་འཛུགས་སྐྲུན་དང་ལྟ་ཞིབ་དག་ཐེར་གནད་སར་བྱས་ཏེ། དཔལ་འབྱོར་གཏན་འཇགས་ངང་འཕར་བ་དང་ཐོན་ལས་རིགས་སྒྱུར་རིམ་འཕར་བཅས་ལ་སྐུལ་འདེད་བཏང་། རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་དང་ཁོར་ཡུག་བཅོས་སྐྱོང་དེ་གནད་འགག་ཏུ་བརྩིས་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་འབྱོར་དུ་བསྒྱུར་བའི་ཐད་གོམ་པ་གསར་བ་སྤོ་པར་སྐུལ་འདེད་བཏང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་ཐེག་བྱེད་དུ་བརྩིས་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྟོབས་ལྡན་ཞིང་དྲང་ནུས་འདོན་སྤྲོད་བྱས། དབུལ་ཐར་འགག་སྒྲོལ་དུ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་སྔར་ལས་མང་ཞིང་སྔར་ལས་དྲང་སྙོམས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་ཁེ་ཕན་ཐོབ་ཏུ་བཅུག   རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དེ་དམིགས་འབེན་དུ་བརྩིས་ནས།  འཆམ་མཐུན་དང་བརྟན་བརླིང་ཡིན་པའི་སྤྱི་ཚོགས་ཀྱི་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་། ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་འདོམས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས"གོམ་སྟབས་གཅིག་དང་སྔར་ལས་ལྷག་པར་བཞིའི"འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་གོམ་པ་བརྟན་པོ་སྤོས་པ་དང་ལས་དོན་སྣ་ཚོགས་སུ་ཡར་ཐོན་གསར་བ་ཐོབ།

        2018ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ལོ་མགོ་མ་ཡིན་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40འཁོར་བ་ཞིག་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང"ལྔའི་བཅུ་གསུམ"གྱི་འཆར་འགོད་སྔ་རྗེས་རྒྱུན་མཐུད་ནས་བསྐྱངས་པའི་གནད་འགག་གི་ལོ་གཅིག་ཀྱང་ཡིན་པས། ད་ལོའི་དཔལ་འབྱོར་བྱ་བ་ལེགས་སྒྲུབ་བྱེད་ན། ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབསྟོན་བྱས་ཏེ། བརྟན་བརླིང་ཁྲོད་དུ་གོང་འཕེལ་བྱེད་པའི་སྤྱིའི་བླང་བྱ་ཡིད་ལ་དམ་པོར་འཛིན་པ་དང་། རང་རྟོགས་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འཕོ་འགྱུར་ལ་དམིགས་ནས། "གནས་ལྔ་ཕུང་གཅིག"གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་དང"ཁྱོན་ཡོངས་བཞིའི"ཐབས་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཞིང་། "བསྒྱུར་བ་བཞི"ལ་དམིགས་ནས"ཏན་ཏན་ཏིག་ཏིག་བཞིའི"བླང་བྱ་གལ་ཆེན་ལ་སྐུལ་འདེད་དང་དངོས་འབེབས་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དང་། ཅི་ཐུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་བྱས་ཏེ། ཉེན་ཁ་ཚབས་ཆེན་འགོག་སེལ་དང་། གནད་ཁེལ་དབུལ་ཐར། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགོག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལེགས་སྒྲུབ་བྱེད་དགོས། གྲོང་གསེབ་ཀྱི་དར་རྒྱས་ཐབས་ཇུས་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཐབས་ཇུས་ལག་ལེན་ཅི་ཐུབ་བྱས་ཏེ། ཏང་གི་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བཟོ་བཀོད་ལ་སྐུལ་འདེད་ཅི་ཐུབ་བྱས་ནས། མགོ་རྩོམ་ས་གསར་བའི་ཐོག་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཡིན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བ་བསྐྲུན་དགོས།

        ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གཙོ་གནད་དེ་ཡིད་ལ་དམ་དུ་བཟུང་ནས། མུ་མཐུད་དུ"ཟུང་འབྲེལ"དང"བསྒྱུར་པ"བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ཆབ་སྲིད་ཀྱི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས། སྙིང་སྟོབས་ཀྱི་གྲུབ་འབྲས་བཅས་སུ་བསྒྱུར་ནས་ཕན་ཡོད་སྒོ་ནས་སྟོབས་ཤུགས་ཆེན་པོ་གོང་བུར་གྲིལ་ཤུགས་བྱེད་དགོས། མགོ་ཁྲིད་ལ་ཤུགས་བསྣན་ནས་མགོ་རྩོམ་ས་གསར་བ་ནས་ལངས་ཏེ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི"མི་འགྱུར་བ་གསུམ"གྱི་རྩ་དོན་གལ་ཆེན་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བ་ལག་ལེན་མཐར་ཕྱིན་བྱེད་དགོས། འཕེལ་རྒྱས་གསར་བ་དང་འདུ་ཤེས་གསར་བ། སྤུས་ཚད་བཟང་བོའི་འཕེལ་རྒྱས་བྱེད་པའི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་མགོ་ཁྲིད་ལ་རྒྱུན་འཁྱོངས་དང་ཤུགས་སྣོན་དང་། ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ལས་འགན་དང་གཙོ་གཞི་ལས་འགན་ལག་བསྟར་ནན་ཏན་བྱེད་ཅིང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཡིན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཁག་ཐེག་བརྟན་པོ་འདོན་སྤྲོད་བྱེད་དགོས།

        དུས་རབས་གསར་བས་གནང་བའི་ལས་འགན་གསར་བ་ཡོད་ལ། རྒྱང་སྐྱོད་གསར་བས་བྱས་རྗེས་གསར་བ་འཇོག་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། ཐོག་མའི་ཆོད་སེམས་མི་བརྗེད་པ་དང་ལས་འགན་ཡིད་དུ་དམ་པོར་འཛིན་པ། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་འབུལ་པ་བཅས་བྱས་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན།  མཛེས་སྡུག་བཅས་ཡིན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།(གནམ་མཚོས་བསྒྱུར།)


རྩོམ་ཡིག་སྔོན་མ།
2018.02
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1