བྱེས་འགྲོའི་མི་འབོར་གྱི་གཞི་ཁྱོན་མུ་མཐུད་དུ་མར་འབབ་བཞིན་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལྡན་གྱི་ཁྱབ་སྒྲོག་ཚོགས་འདུའི་སྟེང《2017ལོའི་ཀྲུང་གོའི་བྱེས་འགྲོའི་མི་འབོར་གྱི་འཕེལ་རྒྱས་སྙན་ཞུ》བཏོན་པ་དང་། དེའི་ནང་དུ་རྒྱལ་ཡོངས་ཀྱི་བྱེས་འགྲོའི་མི་འབོར་གྱི་འགྱུར་ལྡོག་ལྟ་སྐུལ་ལ་བརྟག་ཞིབ་བྱས་པའི་གྲངས་ཀ་མཚམས་སྦྱོར་བྱས་ཡོད། གྲངས་ཀ་ལས་མཚོན་པ་ལྟར་ན། རང་རྒྱལ་གྱི་བྱེས་འགྲོའི་མི་འབོར་གྱི་གཞི་ཁྱོན་མུ་མཐུད་དུ་མར་འབབ་བཞིན་ཡོད།

        2016ལོར་རང་རྒྱལ་གྱི་བྱེས་འགྲོའི་མི་འབོར་གྱི་གཞི་ཁྱོན་ནི་མི་དུང་ཕྱུར2.45ཡིན་པས། སྔོན་ལོ་ལས་མི་ཁྲི171ཉུང་འཕྲི་བྱས། 2016ལོར་ཀྲུང་གོའི་མཁར་གྲོང་གི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི57.35%ཟིན་པ་དང་། མི་གྲངས་བསྟུད་མར་ཆུ་རྒྱུད་དང་མཚོ་རྒྱུད། ལྕགས་ལམ་འགྲམ་རྒྱུད་སོགས་ས་ཁུལ་དུ་འདུས་པས།  གྲོང་ཁྱེར་མི་ཚོགས་གཅིག་བསྡུས་ཚད་སྔར་བས་ཇེ་ཆེར་གྱུར་དང་འགྱུར་བཞིན་འདུག  ཁྱིམ་ཚང་ཅན་གྱི་བྱེས་འགྲོ་གསལ་པོར་གྱུར་པ་དང་།  སྤྱི་སྤྱོད་ཞབས་ཞུ་དགོས་མཁོ་བསྟུད་མར་འཕར་བཞིན་ཡོད།

        སྙན་ཞུ་ལས་དབྱེ་ཞིབ་བྱས་པ་ལྟར་ན། རང་རྒྱལ་གྱི་བྱེས་འགྲོའི་མི་འབོར་གྱི་སྤྱི་གྲངས་དེ2011ལོ་ནས2014ལོའི་བར་བསྟུད་མར་འཕར་བ་དང་། 2015ལོར་བྱེས་འགྲོའི་མི་འབོར་གྱི་སྤྱི་གྲངས་མར་འབབ་པའི་མགོ་བརྩམས། གནས་ཚུལ་དེ་རིགས་བྱུང་བའི་རྒྱུ་མཚན་གཙོ་བོ་ནི་ཁྱིམ་ཐོའི་ལམ་ལུགས་བཅོས་བསྒྱུར་བྱས་པས་ཡིན་ལ། བྱེས་འགྲོའི་མི་འབོར་ཁ་ཤས་སླེབས་སར་ཁྱིམ་ཐོ་བཞག་པས་གྲོང་མི་གསར་པར་གྱུར་པའི་རྐྱེན་ཡིན། ལོ6རིང་བྱེས་འགྲོའི་མི་འབོར་གྱི་སྤྱིའི་མི་གྲངས་ཁྲོད་ཀྱི་བསྡུར་གྲངས་མར་བབས་རུང་།  བསྡུར་གྲངས་ད་དུང་ཅུང་ཆེན་པོར་གནས་ཡོད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1