༄༅། །ལོ་ངོ་60ལ་ཁྲུས་བྱས་མ་མྱོང་བའི་རྒད་པོ་ཞིག;;

ས་དམར་གྲགས་པ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།བཙན་པོའི་མགར་གྱི་དྲ་བ། སྤེལ་དུས། 09-18


       ཨཱ་རཱན(Iran-伊朗)རྒྱལ་ཁབ་ལྷོ་ཕྱོགས་ཀྱི་ཧྥ་ཨཱར་སུ་ཞིང་ཆེན་གྱི་གྲོང་ཚོ་ཞིག་ཏུ་བཱིན་ཧཱ་ཅིས(翁哈吉)ཟེར་བའི་རྒན་པོ་དགུང་གྲངས་བརྒྱད་ཅུ་ཅན་ཞིག་ཡོད་པ་དེས་ལོ་ངོ་60ལ་ཁྲུས་མ་བྱས་པར་རྒྱ་གར་གྱི་སྐྱེས་པ་ཞིན་ཀཱི(辛格)ཟེར་བ་དེའི་ལོ་ངོ38ལ་ཁྲུས་མ་བྱས་པའི་འཛམ་གླིང་གི་ཟིན་ཐོ་དེ་གཏོར་འདུག་ཟེར།   གསར་འགོད་པས་བཤད་པ་ལྟར་ན་བཱིན་ཧཱ་ཅིས་ཟེར་བའི་རྒན་པོ་འདི་ཆུང་དུས་སུ་སྡུག་གིས་མནར་བའི་དབང་གིས་མི་ཚོགས་དང་རིང་དུ་གྱེས་ཏེ་འཚོ་བ་རོལ་བ་རེད་ཟེར།  འོན་ཀྱང་མི་རེ་ཟུང་གིས་ཁོང་ལ་རིན་མེད་དུ་ཁྲུས་བྱེད་པར་བསྐུལ་ན་ཡང་ཁོང་གིས་དང་ལེན་བྱས་མི་འདུག་པར་མ་ཟད། ཁོང་གིས་གཟུགས་པོ་གཙང་མ་བྱས་པ་ཡིན་ན་ནད་ཕོག་པར་བརྗོད་འདུག་གོ། །
 
བཱིན་ཧཱ་ཅིས(翁哈吉)ཟེར་བའི་རྒན་པོ་སྡོད་ཁང་།
 
བཱིན་ཧཱ་ཅིས(翁哈吉)ཟེར་བའི་རྒན་པོས་འཐེན་ཐེངས་རེར་དུ་བ་ལྔ་རེ་འཐེན་འདུག
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1