རྒྱལ་ཁབ་ཀྱིས་རང་ཞིང་གིས་མཚོ་སྔོན་པོ་དང་། མཚོ་སྐྱ་རིང་མཚོ་སྔོ་རིང་བཅས་ཀྱི་རྒྱལ་སྤྱིའི་བརླན་ས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-07


        ས་གལ་ཆེན་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ལག་ཏུ་བསྟར་བར་རྒྱབ་སྐྱོར་བྱས་པ། རང་ཞིང་གི་རྒྱལ་སྤྱིའི་བརླན་ས་གལ་ཆེན་ནུས་ལྡན་སྒོས་སྲུང་སྐྱོབ་དང་སླར་གསོ་བྱེད་པ་དང་བརླན་སའི་སྐྱེ་ཁམས་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་ཆེད།  2017ལོ་ནས2018ལོའི་བར།  རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་རྒྱལ་སྤྱིའི་བརླན་ས་གལ་ཆེན་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་བྱེད་པའི་ཀྲུང་དབྱང་གི་སྔོན་རྩིས་ཁྲོད་མ་དངུལ་སྒོར་ཁྲི10340བཏང་སྟེ། མཚོ་སྔོན་པོ་དང་མཚོ་སྐྱ་རིང་། མཚོ་སྔོ་རིང་བཅས་རྒྱལ་སྤྱིའི་བརླན་ས་གལ་ཆེན་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་བཟོ་འགོད་གཉིས་ལག་བསྟར་བྱེད་རྩིས་ཡོད།

        མཚོ་སྔོན་གྱི་བརླན་སའི་རྒྱ་ཁྱོན་ནི་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་ཡོད་པས།  ཁྱོན་བསྡོམས་སྤྱི་ཆིང་ཁྲི814.36ཡོད་ལ།  ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་མངའ་ཁོངས་རྒྱ་ཁྱོན་གྱི11.4%ཟིན།  མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དེ་མཚོ་བོད་མཐོ་སྒང་གི་བྱང་ཤར་ཕྱོགས་སུ་གནས་ལ། དེ་ནི་བྱ་རིགས་ཀྱི་འཚོ་གནས་ཁུལ་གཙོ་བོ་ཞིག་ཡིན། 1992ལོར་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་དཀར་ཆག་ནང་དུ་བཀོད། མཚོ་སྐྱ་རིང་དང་མཚོ་སྔོ་རིང་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ཁོངས་སུ་གནས་ཡོད་ལ།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་གནས་སུ་གནས་ཡོད་ཅིང་།  "རྨ་ཆུའི་མགོ་ཁུངས"དང"མཚེའུ་སྟོང་ལྡན"ཞེས་བསྔགས་བརྗོད་བྱས་དང་བྱེད་བཞིན་འདུག  2005ལོར་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་དཀར་ཆག་ནང་དུ་བཀོད། ཐེངས་འདིའི་ལས་གཞི་འཛུགས་སྐྲུན་བྱས་པ་བརྒྱུད་ནས། མཚོ་སྔོན་པོ་དང་མཚོ་སྐྱ་རིང་། མཚོ་སྔོ་རིང་བཅས་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་རྒྱ་ཁྱོན་ནུས་ལྡན་སྒོས་སྲུང་སྐྱོབ་བྱེད་ཐུབ་ལ། འདབ་ཆགས་འཚོ་གནས་ཁུལ་དང་བརླན་སའི་ཆུའི་སྤུས་ཀ་ལེགས་བཅོས་བྱེད་ཐུབ་པ། བརླན་སའི་སྐྱེ་དངོས་སྣ་མང་ཅན་རིམ་བཞིན་སླར་གསོ་བྱེད་པ་དང་།  བརླན་སའི་སྐྱེ་ཁམས་བྱེད་ནུས་སྣ་མང་འདོན་སྤེལ་བྱེད་ཐུབ་ངེས་ཡིན།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1