འགན་འཁུར་ཡོད་པ་དང་བྱས་རྗེས་འཇོག་པ་ནི་ཏང་ཡོན་གྱི་འགན་འཁྲི་དང་ལས་འགན་ཡིན་ལ། གཞི་རྩའི་ཆབ་སྲིད་སྤྱོད་ལམ་དང་བྱང་ཚད་ཀྱི་བླང་བྱ་ཡིན། ཟམ་པའི་རིན་ཐང་ནི་ཁུར་ཆེན་ཐེག་པའི་ཐད་གནས་པ་དང་མིའི་རིན་ཐང་ནི་འགན་འཁུར་བའི་ཐད་དུ་གནས་པ་ང་ཚོ་ཀུན་གྱིས་ཤེས། འགན་ཁུར་ཇི་ལྟར་ལྕི་ན་ལས་དོན་དེ་ལྟར་ཆེ་བ་འགྲུབ། མིག་སྔར། བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་འགན་ལྕི་ཞིང་བཞུད་ལམ་རིང་བས་ང་ཚོ་ཏང་ཡོན་ལས་བྱེད་པས་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་དགོས་ཤིང་། ངེས་པར་དུ་ཚུལ་ཇི་ལྟར་འགན་འཁུར་བ་དང་འགན་གང་འདྲ་འཁུར་བ་གསལ་བོར་ངེས་དགོས། དེ་ལྟར་འགན་ཁུར་དངོས་འབེབས་ཐུབ་པ་དང་སྤྱོད་སྟངས་ཐད་ཀྱི་རང་རྟོགས་སུ་འགྱུར་ཐུབ་པ་དགོས།
ཚུལ་ལྡན་སྤྱོད་གཙང་གི་སྤྱོད་ལམ་ལྡན་དགོས། "སྟོང་ཆེན་འཇིག་རྟེན་ཁམས་འདིར་སྲོལ་བཟང་མཆིས།།དེ་ཡིས་སྐྱེ་རྒུར་བསྩལ་བའི་འགྱུར་བ་སྣ་ཚོགས་ཡིན། ། ས་ལ་རི་དང་གཙང་བོ་བརྒྱན་དུ་ཆེ། ། མཁའ་ལ་ཉི་ཟླ་གཟའ་སྐར་འཕྲོད་སྦྱོར་འགྲིག །" ལུགས་མཐུན་སྲོལ་བཟང་ལྡན་ན་གཞི་ནས་ཁེར་རྐྱང་བསྒོམ་ཐུབ་ཅིང་སྤྱོད་ངན་འགོག་ཐུབ་ལ་ཕུགས་འདུན་དང་དད་སེམས་ཇེ་བརྟན་དང་ཏང་ཡོན་གྱི་ཆབ་སྲིད་རང་མདངས་མངོན་ཐུབ། "ཚུལ་དང་མཐུན་ན། བཀས་མ་སྐུལ་ཀྱང་སྤྱོད། ཚུལ་དང་མ་མཐུན་ན། བཀས་སྐུལ་ཀྱང་མི་སྤྱོད། " ཚུལ་ལྡན་སྤྱོད་གཙང་ནི་ང་ཚོ་ཏང་ཡོན་ལས་བྱེད་པའི་མི་བཅའ་བ་དང་བྱ་བ་སྒྲུབ་པའི་གཏིང་ཤུགས་དང་ངར་ཤུགས་ཡིན། ཏང་ཡོན་ལས་བྱེད་པས"རྒྱང་སྐྱོང་སྙིང་སྟོབས"དར་སྤེལ་བཏང་སྟེ། དཀའ་བ་སྤྱོད་ནུས་ཤིང་དབུལ་ཡང་ཆོག་ཤེས་པ། སྡུག་བསྲན་ཕོད་པ། མི་རྔམ་པ་དང་མི་འཛིན་པ། མི་འགྲན་པ། ཁེར་རྐྱང་བསྒོམ་ཐུབ་ཅིང་མིང་མེད་དཔའ་བོ་བྱེད་ཕོད་པ། ཞིབ་ཆ་གཙིགས་སུ་འཛིན་པ་དང་ཟུར་བལྟས་ལེབ་ཀྱིས་ཤེས་པ། དུས་ཀུན་ཆུང་བར་དོགས་ཟོན་བྱས་ཏེ། ཆིག་རྐྱང་དང་ཕྲ་ཞིབ། ཐོག་མ་ནས་ཞིབ་བཤེར་ཐུབ་དགོས།
མཚོ་སྣ་ཀླུང་བརྒྱ་བསྡུ་བའི་བློ་ཁོག་རྒྱ་ཆེན་པོ་ལྡན་དགོས། ལིན་ཙུ་ཞུས་ལ་ཆ་ཚིག་ཅིག་ཡོད་དེ། "མཚོ་སྣ་ཀླུང་བརྒྱ་བསྡུ་བའི། ། བློ་ཁོག་རྒྱ་ཆེར་ལྡན་དགོས། ། དཀན་གཟར་ཀྲོང་ངེར་འགྲེང་བ། ། དམིགས་རྩེ་གཅིག་པས་ཡིན་འདུག ། "ཧྥ་རན་སིའི་རྩོམ་རིག་མཁས་ཆེན་ཡུས་ཀོ་ལགས་ཀྱིས་ཀྱང"འཇིག་རྟེན་སྟེང་རྒྱ་ཆེ་བ་ནི་རྒྱ་མཚོ་རེད། རྒྱ་མཚོ་ལས་རྒྱ་ཆེ་བ་ནམ་མཁའ་རེད། ནམ་མཁའ་ལས་ཀྱང་རྒྱ་ཆེ་བ་ནི་མིའི་བློ་ཁོག་རེད། "ཅེས་གསུངས་མྱོང་། བློ་རྒྱ་འབྱམས་པ་དང་བློ་ཁོག་ཡངས་པ་ནི་མི་ཞིག་གི་སེམས་གཤིས་དང་བློ་སྦྱོང་ཡིན། ཏང་ཡོན་ལས་བྱེད་པ་ནི་ཟུར་ཚད་ཆ་ཡོངས་དང་རྒྱང་རིང་བ་ནས་འགྲེང་སྟེ་གནད་དོན་ལ་བལྟ་བ་དང་བྱ་བ་སྒྲུབ་ནས་འགྲོས་མྱུར་འཕེལ་རྒྱས་ཀྱི་རྣམ་པའི་ཁྲོད་དུ་རང་ཉིད་ཀྱི་གནས་བབ་རྙེད་དགོས། བློ་ཁོག་རྒྱ་ཆེན་པོས་གཞན་གྱི་ཆེད་དང་རྣམ་འགྱུར་ཟོལ་མེད་ཀྱིས་གཞན་ལ་བསྟུན། ལོངས་སྤྱོད་པའི་མིག་མདངས་ཀྱིས་གཞན་ལ་བལྟས་ཏེ་དུས་ཀུན་ཏུ་གཞན་ལ་ཕན་ཞིང་རོགས་པར་འཛིན་པ། ཞི་མཐུན་གྱི་ཁོར་ཡུག་ཁྲོད་ནས་མཉམ་ལས་མཉམ་སྒྲུབ་དང་ཐུན་མོང་ཡར་རྒྱས་ཡོང་བ་བྱེད་དགོས།
གཞན་ཕན་གྱི་བློ་ཁོག་རྒྱ་ཆེན་པོ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ནན་གྱིས་བསྟན་དོན"དབང་ཆའི་སྤྱོད་སྟངས་དང་འགན་འཁྲིའི་འཁུར་སེམས་དམ་དུ་སྦྲེལ་ནས། དབང་ཡོད་འགན་འཁྲི་ལྡན་པ་ཞིག་བྱེད་དགོས། " ཁག་ཁུར་དོན་གཅོད་ནི་དོན་དུ་ཁག་ཁུར་འགན་འཁུར་ཕོད་པ་ལ་བྱ། དཔུང་ནས་ཤེད་འདེགས་པ། འགན་འཁྲི་ཡིན། རྒྱབ་ན་ཁུར་ལྕི་བ། འགན་འཁྲི་ཡིན། འཁུར་འོས་པའི་འགན་འཁྲི་ཉེན་ཁ་ཇི་འདྲའི་ཆེ་ཡང་འཁུར་དགོས། འགན་འཁུར་མི་འདོད་ན་ཏང་ཡོན་བྱེད་མི་འོས། འགན་འཁུར་མི་ཕོད་ན་མགོ་འཁྲིད་པར་མི་འཚམ། འགན་འཁུར་མི་ཤེས་ན་ལས་བྱེད་དུ་འགྱུར་མི་ཐུབ། གཞན་ཕན་གྱི་བློ་རྒྱ་ནི་བློ་ཁོག་ཅིག་དང་གཤིས་སྤྱོད་ཅིག ལྷག་ཏུ་རྣམ་འགྱུར་ཅིག་ཡིན་པར་མ་ཟད། སྣང་དག་མེད་པ་དང་བག་ཡངས་པ། ཐོལ་བརྒལ་ཅིག་ཀྱང་ཡིན། ཏང་ཡོན་ལས་བྱེད་པས་བྱས་རྗེས་ཀྱི་མདུན་སར་ལག་སྔ་མི་རྩོད་པ་དང་གནད་དོན་གྱི་མདུན་ནས་གཡོལ་བར་མི་རྩོམ་པར་འགན་འཁུར་ཕོད་དགོས་ཤིང་ནོར་འཁྲུལ་ལེགས་བཅོས་ཁྲོད་ནས་འཇོན་ནུས་བསྐྱེད་དགོས།
དངོས་སྒྲུབ་ལས་སྒོ་སྤེལ་བའི་སྤོབས་པ་མཁོ། དངོས་སྒྲུབ་སྤོབས་པ་ནི་གདོང་མཆོང་ངར་ཤུགས་དང་སྤོབས་སེམས་ཤིག་ཡིན། འགག་ལམ་དོག་པོར་འཕྲད་ན་དཔའ་རྒོད་རྒྱལ་བ་དང་མཁྲེགས་གཏོར་དཀའ་བ་ཇི་ལྟར་ཆེ་ན་དེ་ལྟར་དཀའ་ཁག་ཆེ་སར་གཞོལ་བའི་བློ་སྤོབས་ཀྱིས་མདུན་བསུས་ཏེ་ལས་ཀ་ཏན་ཏིག་གིས་བྱས་ན། གཞི་ནས་རྒྱལ་ཁ་ཆུང་ངུའང་ཆེན་པོར་འགྱུར་ཐུབ། ང་ཚོ་ཏང་ཡོན་ལས་བྱེད་པས་དངོས་སྒྲུབ་ལས་སྒོ་སྤེལ་བའི་ཁྲོད་ལྷག་ཏུ་གསར་གཏོད་ཀྱི་སྙིང་སྟོབས་དང་དམིགས་སུ་ཁེལ་བའི་དོན་དག་སྙིང་ཁམས་ཆེན་པོས་བསྒྲུབ་དགོས་ཤིང་། བསམ་ཚུལ་ལྡན་ཞིང་ཐབས་ཤེས་ལྡན་པ། བློ་སེམས་དང་བརྩེ་བ་གཏོད་དགོས་ཤིང་བློ་གྲོས་དང་ཤེས་རབ་མཁོ་བ། གསར་གཏོད་ཀྱི་བསམ་གཞིག་དང་ཚན་རིག་དང་མཐུན་པའི་ཐབས་ལམ་གྱིས་བྱ་བ་སོ་སོ་བཟུང་ནས། ངེས་པ་དོན་གྱིས་འགན་འཁུར་ཕོད་པའི་རྣམ་འགྱུར་དང་འགན་འཁྲིའི་སྙིང་སྟོབས། ཚན་རིག་ལ་མཐུན་པའི་རྣམ་འགྱུར། དངོས་དོན་གཉེར་བའི་སྤྱོད་སྟངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྣམ་པ་གསར་བ་ཁྱོན་ཡོངས་ནས་བསྐྲུན་པར་ཧུར་བརྩོན་བྱེད་དགོས།
དུས་སྐབས་གསར་བར་ཏང་ཡོན་ལས་བྱེད་པ་ཞིག་ཡིན་ན་འགན་ཁུར་གྱི་འདུ་ཤེས་སྔར་ལས་ཇེ་དྲག་བཏང་སྟེ་སྒེར་སེམས་སྣ་ཚོགས་དང་སྒེར་གྱི་ཐོབ་ཤོར་བསྐྱུར་ནས་གོ་སྐབས་བཟུང་ཞིང་ཞུམ་པ་མེད་པ། སྔོན་ལ་ལག་ཏུ་བསྟར་ཞིང་སྔོན་ལ་ཉམས་ལེན་པ། གདོང་མཆོད་ཕོད་པ་དང་གསར་གཏོད་ནུས་པར་བྱས་ཏེ། ངེས་པ་དོན་གྱིས་དཀའ་ཁག་གིས་གཞོམ་པར་མི་ནུས་པ་དང་གནོན་ཤུགས་ཀྱིས་མི་ནོན་པར་མི་དམངས་ལ་ཞབས་འདེགས་ཞུ་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཏན་ཏིག་སྒོས་ཁུར་དུ་ལེན་དགོས་སོ།།
མདོ་ལ་རྫོང་ཨུའི་དྲིལ་སྒྲོག་སྡེ་ཁག
བསམ་གྲུབ་ཀྱིས་བསྒྱུར།