འདི་ནི་རྩེད་ཐང་ནས་གོང་དཀར་བར་གྱི་རིམ་མཐོའི་གཞུང་ལམ་རེད།
སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་དང་། ལྷ་ཉིང་ལྕགས་ལམ། ལྷ་ས་ནས་ལྷོ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་འགྲིམ་ལམ་་གཞུང་ལམ་ཨ་མ་མགྱོགས་མྱུར་བསྐྲུན་པར་བརྟེན། བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་་ཏེ། ལྷོ་ཁ་གྲོང་ཁྱེར་ཁོ་ནར་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་7500ལས་བརྒལ་ཡོད་པ་དང་ཁོངས་གཏོགས་ཀྱི་རྫོང(ཆུས)12དང་ཤང་དང་གྲོང་རྡལ་79ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་96.34%ཁག་སོ་སོར་ཟིན་ཡོད།