དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མས་སྲིད་གཞུང་ལ་ཡིད་ཆེས་མེད་པའི་འཕྲལ་འདོན་གྲོས་གཞི་ཁྲ་སློག་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-18


ས་གནས་དེ་གའི་དུས་ཚོད་2019ལོའི་ཟླ་1ཚེས་16ཉིན། དབྱིན་ཇིའི་ལོན་ཏོན་དུ་དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མས་རྩོད་གླེང་བྱས་པ་བརྒྱུད། འདེམས་ཤོག་325ཡིས་ངོ་རྒོལ་དང་འདེམས་ཤོག་306གིས་རྒྱབ་སྐྱོར་བྱེད་པའི་འདེམས་ཤོག་འཕངས་འབྲས་ཀྱིས་ངོ་རྒོལ་ཏང་བཟོ་པའི་ཏང་གི་འགོ་ཁྲིད་པ་ཁོའོ་པིན་གྱིས་བཏོན་བའི་སྲིད་གཞུང་ལ་ཡིད་ཆེས་མེད་པའི་འཕྲལ་འདོན་གྲོས་གཞི་ཁྲ་སློག་བཏང་བ་རེད།

     ཟླ་1ཚེས་16ཉིན། དབྱིན་ཇིའི་གྲོས་ཁང་འོག་མས་ཚེས་16ཉིན་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་དེ་དབྱིན་ཇི་སྲིད་གཞུང་ལ་ཡིད་ཆེས་མེད་པའི་གྲོས་གཞི་ཁྲ་སློག་བཏང་བ་རེད།
     ཉིན་དེ་གར་དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མས་རྩོད་གླེང་བྱས་པ་རྒྱུད། འདེམས་ཤོག་325ཡིས་ངོ་རྒོལ་བྱེད་པ་དང་འདེམས་ཤོག་306གིས་རྒྱབ་སྐྱོར་བྱེད་པའི་འདེམ་ཤོག་འཕངས་འབྲས་ལ་བརྟེན་ནས། ངོ་རྒོལ་ཏང་བཟོ་པའི་ཏང་གི་འགོ་ཁྲིད་པ་ཁོའོ་པིན་གྱིས་བཏོན་བའི་སྲིད་གཞུང་ལ་ཡིད་ཆེས་མེད་པའི་གྲོས་གཞི་ཁྲ་སློག་བཏང་བ་རེད།
     ཁོའོ་པིན་གྱིས་ཉིན་དེའི་རྩོད་གླེང་ཁྲོད་དབྱིན་ཇིའི་ད་ལྟའི་སྲིད་གཞུང་ནི་སྲིད་སྐྱོང་མི་ཐུབ་པའི“སྲིད་གཞུང་ཤི་རོ”ཞིག་ཏུ་འགྱུར་ཡོད། ཁོང་གིས་འདེམས་བསྐོ་ཆེན་པོ་སྔ་ཙམ་སྤེལ་དགོས་ཞེས་འབོད་སྐུལ་བྱས་པ་རེད།
     དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ· མེས་དེའི་ཐད་ལ་ལན་སློག་པར། མིག་སྔར་འདེམས་བསྐོ་ཆེན་པོ་སྤེལ་བ་ནི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་མཐུན་པ་ཞིག་རེད་ཅེས་བརྗོད་པ་དང་། ཁོ་མོས་དབྱིན་ཇིའི་ཏང་ཤོག་ཁག་གི་འགོ་ཁྲིད་པ་དང་“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གནད་དོན་སྐོར་ལ་གྲོས་མོལ་བྱེད་འདོད་ཡོད་ཅེས་བརྗོད།
     ཚེས་15 ཉིན། དབྱིན་ཇིའི་གྲོས་ཁང་འོག་མས་འདེམས་ཤོག་ཕངས་སྟེ་དེ་སྔོན་དབྱིན་ཇི་སྲིད་གཞུང་དང་ཡོ་རོབ་མནའ་འབྲེལ་དབར་བཞག་པའི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གྲོས་མཐུན་ཁྲ་སློག་བཏང་བ་དང་། དེ་རྗེས་ཁོའོ་པིན་གྱིས་གྲོས་ཚོགས་ཀྱི་གྲོས་ཁང་འོག་མར་སྲིད་གཞུང་ལ་ཡིད་ཆེས་མེད་པའི་འཕྲལ་འདོན་གྲོས་གཞི་བཏོན་པ་རེད།
     ན་ནིང་གི་ཟླ་12པར་ཐེ་ལུའེ་ཧྲ· མེས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གྲོས་མཐུན་ལ་སྐུལ་འདེད་བཏང་ཡང་གྲོས་ཚོགས་ཐོག་གྲོས་འཆམ་ཡོང་རྒྱུ་ཁག་པོ་བྱུང་བས།   རྙིང་ཞེན་ཏང་ནང་ཁུལ་གྱིས་ཁོ་མོར་ཡིད་ཆེས་མེད་པའི་འདེམས་ཤོག་འཕེན་པ་རེད།   ཁོ་མོ་འདེམས་ཤོག་འཕེན་པའི་ཁྲོད་ཀྱི་འགག་སྒོ་ལས་ཐར་ནས་སྔར་བཞིན་རྙིང་ཞེན་ཏང་གི་གཙོ་འཛིན་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་མུ་མཐུད་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1