༄༅། །འབྲས་ལྡན་གྱི་དུས་ཚིགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-19


           

མཁའ་དབྱིངས་རྡུལ་བྲལ་དྭངས་གཙང་མེ་ལོང་གསལ།  །

  དབྱར་གྱི་ལང་ཚོའི་ན་བུན་དབྱིངས་སུ་དེངས།  །

  འཛིན་མའི་བཞིན་མདངས་ཡོལ་བ་སེར་པོའི་སྒྲིབ། །

 སྟོན་གྱི་འབྲས་བཟང་དུས་ཀྱི་གསོས་སུ་སྨིན།  །


སྐྱི་སེར་དྲི་བཞོན་དལ་བུའི་བསིལ་གཡབ་ལས། །

གྲང་ངད་ཚ་བའི་གདུང་བ་ལྷག་མེད་གཞོམ།  །

དལ་འགྲོ་གཡུ་མདོག་སྔོན་མོའི་ཁང་ཁྱིམ་དུ། །

འཁྱུག་འགྲོའི་གསེར་མིག་ཉ་མོས་རྩེ་དགའ་རོལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1