ཡིད་བརྙན།

ཁ་བ་ལྗང་གུ།(དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


              ངས་མེ་ཏོག་གི་ཡུ་བ་སྤྱད་དེ

དུས་ཚོད་ཀྱི་ཐག་པ་གཅད་འདོད་མོད

ཁོ་མོ་སོང་རྗེས་ཐག་པའང་བུད་སོང

ཁོ་མོ་སོང་རྗེས་ངས་ཡིད་བརྙན་སྤྱད་དེ

མ་འོངས་པ་བྲི་ན་འདོད་མོད

སྟོང་ཉིད་ཀྱིས་འཆར་ཡན་བོར་དུ་བཞག

འཆར་ཡན་བོར་རྗེས་ངས་རལ་གྲི་སྤྱད་དེ

སེངྒེ་དང་དབྱར་ཁ་གསད་འདོད་མོད

གློ་བུར་དུ་དགུན་གྱིས་ཁ་བ་ཁྲིད་དེ་ཐོན


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1