ས་སྲོད་རེ་རེར་ངས་འདི་ལྟར་དྲན།—བུ་མོquལ་ཕུལ་བ།

དུར་བྱང་།(མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


ས་སྲོད་རེ་རེར

མཚན་མོ་དང་འཆི་བ་ངའི་ཕྱོགས་སུ་དལ་ཅག་གེར་རྒྱུ་བཞིན་འདུག

ཚེ་སྲོག་གི་ལོག་ཕེབས་ཇི་འདྲའི་མགྱོགས་པ་ལ་ཨང

དེའི་རྐྱེན་གྱིས་ངའི་སེམས་ངོགས་སུ་ཁྱོད་ཀྱི་གཅེས་མིང་སྦྱར

ས་སྲོད་རེ་རེར

ཞི་འཇམ་གྱིས་ཁྱོད་ལ་རྒྱ་སེ་མེ་ཏོག་ཅིག་ཕུལ་ན་འདོད་ཀྱང

ཡིད་ཕངས་པ་ཞིག་ལ་ངའི་སེམས་ཁམས་ནད་ཀྱིས་བཟུང་འདུག

འུ་གཉིས་ལ་ལས་འཕྲོ་ཡོད་ཀྱང་ང་ནི་མི་ནད་པ་ཞིག་ཡིན

ངས་ཁྱོད་ཀྱི་ལང་ཚོ་ཆུད་ཟོས་སུ་གཏོང་བར་དངངས་འཚབ་སྐྱེས་པས

ང་ཁྱོད་ཀྱི་བདེ་སྐྱིད་ཀྱི་སླད་དུ་ཕ་ཡུལ་དང་རིང་དུ་བྲལ་ན་ཆོག

ས་སྲོད་རེ་རེར

ངས་ཁྱོད་ཁོ་ན་ལ་དབྱར་ཁ་ཞིག་ཚེས་སུ་འཇུག་འདོད་ཀྱང

སེམས་སུ་སྟོན་དུས་ཀྱི་རླུང་བུ་ཤིན་ཏུ་འཁྱགས་པས

ངའི་སེམས་པ་བཀྲེས་སྐོམ་གྱིས་མ་འཆི་བར་དུ

ངས་ཁྱོད་དགའ་བའི་ས་ཁུ་སིའི་རོལ་དབྱངས་ཤིག་དཀྲོལ་ངེས

༢༠༡༨.༡.༡༧


རྩོམ་ཡིག་རྗེས་མ།
ལག་པ་འདི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1