ཁྱོད་ནི་སྟོན་དགུན་མཚམས་ཀྱི་མེ་ཏོག་ཅིག
རླུང་བུ་ཁ་རླངས་ཙམ་བྱུང་ཡང
ངས་སེམས་ཁྲལ་ཚད་མེད་ཤོར་འགྲོ
འོན་ཏེ ནམ་ཞིག་ཁྱོད་ངེས་པར་མི་མཐོང་ས་ཞིག་ཏུ་ནུབ་འགྲོ་ཨང
ཁྱོད་ནི་བྱང་ཐང་གི་ཙད་པས་གདུང་བའི་མགྲོན་པོ་ཞིག
ངའི་བརྩེ་དུངས་ཀྱི་བསིལ་བས་ཁྱོད་ལ་ཙད་སྐྱོབ་མི་འོང་བས
ཁྱོད་ནི་ནམ་ཡང་གཙང་པོ་ཁུར་བའི་འགྲུལ་གྲོགས་དེའི་ཕྱོགས་སུ་འགྲོ
འུ་གཉིས་གྲུ་བ་མེད་པའི་ཀོ་གྲུ་གཉིས་རེད
ཁྱོད་ནི་རླུང་གིས་ཤར་མཐར་དེད་ཅིང
ང་ནི་རླབས་ཀྱིས་ནུབ་མཐར་བསྐྱལ
ངས་ཞིབ་ཚགས་ཀྱིས་ཉན་ཡང
ཁྱོད་རང་ཕར་ནས་ཕར་ལ་སྐྱོད་པའི་གྲུ་དར་གྱི་སྒྲ་ལས་གང་ཡང་མ་ཚོར
ང་ཁྱོད་ལ་སེར་སྣ་ཅི་འདྲ་ཤོར་ཡང
མི་རྣམས་ཀྱི་ཁ་ན་ལྡང་བའི་ཁྱོད་ཀྱི་མིང་ཡིག་དག་འཛིན་ཐབས་མ་བྱུང
ང་ཁྱོད་ལ་ཞེན་ཆགས་ཅི་འདྲ་ལྕི་ཡང
མང་པོས་ལོངས་སུ་སྤྱད་པའི་ཁྱོད་ཀྱི་ལུས་པོ་ཧྲིལ་པོ་ལས
འབྲི་ཤོག་བར་འཇུག་རྒྱུའི་སྐྲ་ཉག་ཙམ་ཡང་མ་ཐོབ
ང་སོང་ཚར་རྗེས
ཁྱོད་ཀྱིས་དོན་སྙིང་གང་ཡང་མི་འདུག་སྙམ་པ་ཨེ་ཡིན
ངས་མི་ཚེ་འདི་སྒྲ་ཐག་བཞིན་ཕྱིར་ལྡོག་ཐུབ་ཚེ
ང་གཏན་ནས་འགྲོ་མི་སྲིད
གཏན་ནས་འགྲོ་མི་སྲིད
ང་མ་སོང་ཡང ཁྱོད་འདི་བཞིན་འཆལ་སོང་ཚེ
ངས་ཅི་ཞིག་བྱ་ཨང