རླུང་གི་བཙན་འཛུལ།

རྐང་ཐང་བ།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


1

ཞག་གང་བོར

མིག་ཟུང་གི་གློག་སྒྲོན་བཀར་བས

དེ་རིང་གི་ཉིན་མོ་ཆག་སྐྱོན་ཤོར་འདུག

སུ་ལ་བསྟན་ཡང

དེ་ནི་བཅོས་ཐབས་མ་བྱུང

2

མ་གསོད

ངའི་ལུས་པོར་སྐྱུར་དྲི་འཐུལ་ཞིང

སེམས་སུ་ཨར་འདམ་བཞུར་ཡོང་བས

འཇིག་རྟེན འཁྱག་རླུང་དུ་གསོན

3

ང་ནི

ཁོ་རང་ཚོའི་འཕྲུལ་རྟ་རེད

ཤར་དུ སྦག་སྦག་སྦག

ནུབ་ཏུ སྦག་སྦག་སྦག

ས་རྡུལ་གྱི་ནམ་མཁའ་ངལ་དུབ་ཀྱིས་གཟིར

4

རླུང་བུའི་མཆུ་སྒྲོས

ལོ་མར་གླན་ཐེངས་རེར

ལོ་མས འདར་སྐྱོམ་བྱེད་ཞོར

རླུང་ལ་ངོ་ལོག་བྱེད

སྐབས་དེར ཡང་སིལ་ཏོག་གཅིག་སྨིན་འདུག

5

ནམ་གུང

རང་ཁྱིམ་གྱི་སྒོ་མོ་རེད

སེམས་ཆུང་གིས་ནང་དུ་སོང་ན

མལ་ཁྲི ནམ་གུང་བཞིན

ལྷིང་འཇགས་དང་སྟོང་བ་རེད

6

དྲི་མའི་ཤོག་བུ

སྒམ་ཆུང་ནས་ཕྱི་ལ་བླངས་ཏེ

རླུང་ལ་འཁྲུད་དུ་བཅུག

དེ་རུ་རི་མོ་ཞིག་བྲིས་ནས

གློག་སྡོང་ནག་པོར་སྦྱར

2018.2.4 རེབ་གོང་ནས།


རྩོམ་ཡིག་སྔོན་མ།
ངའི་སྐྱེས་སྐར་དང་དགུ་ཐུག
རྩོམ་ཡིག་རྗེས་མ།
མ་ངེས་པའི་སྐྱོ་གདུང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1