གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། དེ་རིང་། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་དང་གསེར་རྟ་རྫོང་ཨུ་རྫོང་སྲིད་གཞུང་། ཝུའུ་ཧུའུ་ཆུས་ཨུའི་འཐབ་འགྱུར་པུའུ་ཡིས་གཙོ་སྒྲུབ་དང་། དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་ཅུས། དཀར་མཛེས་ཁུལ་རིག་གནས་ཁང་། ཁྲེན་ཏུའུ་ལེགས་སྨོན་ཐང་ག་སྒྱུ་རྩལ་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པའི་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིས་ཐང་ག་སྒྱུ་རྩལ་གསར་རྩོམ་དཔེ་སྟོན་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ཁྲེན་ཏུའུ་རུ་སྤེལ།
རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གསུང་བཤད་གནང་བ་དང་། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་གྱིས་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིས་ཁྲེན་ཏུའུ་ལེགས་སྨོན་ཐང་ག་སྒྱུ་རྩལ་ལྟེ་གནས་ལ་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཐང་ག་སྒྱུ་རྩལ་གསར་རྩོམ་དཔེ་སྟོན་རྟེན་གཞི་སྒོ་བྱང་འགེལ་བའི་ཆོག་མཆན་གྱི་ཡིག་ཆ་སྒྲོག་ཀློག་གནང་།
ཕྱིར་དྲོར། གེ་སར་ཐང་གའི་སྒྱུ་རྩལ་མཉམ་རོལ་དུས་སྟོན་ཞེས་པའི་བགྲོ་གླེང་ཚོགས་འདུ་འཚོགས་ནས་ས་གནས་ཁག་གི་མཁས་དབང་ཚོས་གེ་སར་ཐང་གའི་གནས་བབ་དང་འཕེལ་རྒྱས་གཏོང་ཕྱོགས་སྐོར་ལ་དགོངས་འཆར་ལྷུག་སྩོལ་གནང་། །