སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པ་མཇུག་བསྒྲིལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-21


 
        སྤྱི་ཟླ་དང་པོའི་ཚེས་19ཉིན་གྱི་ཕྱི་དྲོར།  སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས། གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་རྗེས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐངས་གཉིས་པ་ཁྲེན་ཏུའུ་རུ་མཇུག་བསྒྲིལ། 
        གྲོས་ཚོགས་ནང་འཐུས་མི་བརྒྱད་བརྒྱ་གྱ་ལྔ་ཞུགས་དགོས་པ་དང་དངོས་སུ་མི་བརྒྱད་བརྒྱ་དྲུག་ཅུ་ཞུགས་ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན། ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚང་འཛོམས་གྲོས་ཚོགས་འདིའི་ལག་བསྟར་ཀྲུའུ་ཞི་ཕེང་ཆིང་ཧྭ། ཧོང་ཞིན་ཁྲུའུ། ཁྲེན་ཝུན་ཧྭ། ལིའུ་ཅེ། ཡེ་ཀྲང་། ལིའུ་ཙའོ་མིང་། པའོ་ཧའེ། ཧུའོ་ཞའོ་ཁྲུན། ཅའོ་ཝེ་ཞ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས། 
        ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱི་ལི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་། ནུབ་རྒྱུད་འཐབ་ཁུལ་མཁའ་དམག་སྲིད་ཨུ་ཅང་ཕིང་སོགས་ཚོགས་ཆེན་ནང་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུར་བཞུགས།

        གྲོས་ཚོགས་ཚོགས་དུས་རིམ་དང་པོའི་ནང་དུ། ཕེང་ཆིང་ཧྭ་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས། ཨ་ལེགས་དང་ཁྲུང་པའོ་མིང་། ཀྲན་པའེ། ཀྲན་ཧྲུའུ་ཆོན། ཐན་ཧུང་ཨིན་བཅས་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ལ་བདམས། སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ལྷན། སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་ཁོངས་མིའི་མིང་ཐོ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། 



        དེའི་རྗེས་ལ་གསར་དུ་བདམས་ཐོན་བྱུང་བའི་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་། སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ལྷན། སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱིས་རྩ་ཁྲིམས་དམ་བཅའ་བཞག
        གྲོས་ཚོགས་ཚོགས་རིམ་གཉིས་པར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སི་ཁྲོན་ཞིང་ཆེན་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱེད་ཚུལ། 2019ལོར་འཆར་གཞི་བཀོད་པའི་གྲོས་ཆོད་དང་འབྲེལ་ཡོད་གྲོས་ཆོད་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།  
        ཕེང་ཆིང་ཧྭ་ཡིས་ཚོགས་རིམ་གཉིས་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་། ཁོང་གིས་གྲོས་ཚོགས་འདིའི་ནང་དུ་ངས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་ཁུར་ཡོད། སི་ཁྲོན་ཞིང་ཆེན་མི་རིགས་སོ་སོའི་མི་དམངས་ཀྱིས་ང་ལ་ཡིད་ཆེས་དང་འགན་འཁྲི་ཆེན་པོ་བཞག་ཡོད། གཟི་བརྗིད་ལྡན་པ་རེད། ངས་འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་ཡིད་ཆེས་བཞི་བརྟན་པོ་བྱེད་ཡིན། སྲུང་སྐྱོང་གཉིས་བློ་ཐག་རྦད་ཆོད་ཀྱིས་སྒྲུབ་ནས། ཏང་གི་འགོ་ཁྲིད་དེ་དམངས་ཆེན་ལས་ཀ་སོ་སོ་དང་ཁྲིམས་ལྟར་འགན་སྒྲུབ་པའི་བརྒྱུད་རིམ་ཡོངས་སུ་ལག་བསྟར་བྱེད་དེ། ཏང་ཀྲུང་དབྱང་གི་ཇུས་ཆེན་དང་བྱེད་ཕྱོགས། འཐབ་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བེད་ཆོད་དང་། མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁོངས་གཏོགས་མི་སྣ་དང་འཐུས་མི་ཡོངས་ཀྱིས་སི་ཁྲོན་དམངས་ཆེན་ལས་ཀ་ཡག་པོར་བསྒྲུབ་དགོས་ཞེས་གསུངས། 
        ཕེང་ཆིང་ཧྭ་ཡིས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་ཡག་པོར་བྱེད་པར། སི་ཁྲོན་དར་རྒྱས་གཏོང་བའི་སྤྱིའི་བླང་བྱར་དམིགས་ནས། ཆོད་སེམས་བརྟན་པོ་དང་། དུས་ཚོད་དམ་འཛིན་བྱེད་པ། སེམས་ཤུགས་བརྟན་པོ་བྱེད་པ། ཏན་ཏན་ཏིག་ཏིག་བྱས་ནས་ལས་འགན་ཁག་གྲུབ་ཐུབ་པར་བྱེད་དེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པར་རྨང་གཞི་ཡག་པོ་འདིང་དགོས། གྲུབ་འབྲས་ཡག་པོ་བླངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་དགོས།  སི་ཁྲོན་དར་རྒྱས་ཇེ་དྲག་གཏོང་བར་འདུ་ཤེས་བཞི་བརྟན་པོ་ཡོད་དགོས་པ་དང་ཡིད་ཆེས་བཞི་ཇེ་དྲག སྲུང་སྐྱོང་གཉིས་ལག་བསྟར་བྱེད་དེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་དང་གཅིག་འགྱུར་ཚད་མཐོན་པོ་བྱ་དགོས་ལ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་སྣེ་ཁྲིད་ལ་གནོད་སྐྱེལ་བའི་བྱ་བ་སི་ཁྲོན་དུ་གཏན་ནས་འབྱུང་བཅུག་མི་རུང་།  ཏང་གི་གསར་གཏོད་རིག་གཞུང་གིས་མཛུབ་སྟོན་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་སི་ཁྲོན་ལས་ཀའི་སྐོར་ལ་གནང་བའི་མཛུབ་སྟོན་སྙིང་དོན་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ཟབ་མོ་བྱེད་པ། སློབ་སྦྱོང་བྱེད་པ་དང་གོ་བ་བླངས་ནས་སི་ཁྲོན་གྱི་བྱ་གཞག་སོ་སོ་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་ཡང་དག་གི་ཕྱོགས་སུ་བསྐྱོད་དགོས། འགག་སྒྲོལ་ཆེན་པོ་གསུམ་ལག་བསྟར་ཡག་པོ་དང་། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དབུལ་ཕོངས་ཚབས་ཆེན་གྱི་བཀག་རྒྱ་སེལ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཏེ། ཉེན་ཁ་རིགས་སོ་སོ་སྔོན་འགོག་དང་སེལ་གང་ཐུབ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་ཞན་ཆ་སེལ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་དང་། སྲ་བརྟན་དང་ཇེ་དྲག ཇེ་ཆེ། ཐོགས་མེད་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་པ། མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ལྔ་ཐོག་གཅིག་སྣོན་ཅེས་པའི་དེང་རབས་ཐོན་ལས་སྒྲིག་གཞི་འཛུགས་གང་ཐུབ་བྱས་ནས་དཔལ་འབྱོར་དར་བའི་ཞིང་ཆེན་འཛུགས་སྐྲུན་མགྱོགས་པ་བྱ་དགོས། རྨང་གཞི་གཅིག་ལ་ཡན་ལག་མང་བ་དང་། ཁུལ་ལྔ་མཐུན་སྦྱོར། ཕྱོགས་བཞི་རྒྱ་སྐྱེད། ཁུལ་ཡོངས་སྒོ་འབྱེད་བྱེད་པ། ས་ཁོངས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་འཛུགས་པ་དང་། སྒོ་འབྱེད་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་ཡག་གཏོང་བར་འཕེལ་རྒྱས་ཆེན་པོ་གཏང་དགོས། མི་དམངས་སྲོག་ཤིང་བྱས་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་ནན་མོ་བྱེད་པ་དང་ལས་ཞུགས་བརྟན་པོ་བྱེད་པ་གོ་གནས་གལ་ཆེན་དུ་བཞག་ནས། དམངས་འཚོ་དོན་དག་ཁག་གཅིག་ཡག་པོར་བསྒྲུབ་པ་དང་། སྤྱི་ཚོགས་བཅོས་སྐྱོང་ཇེ་དྲག་དང་གསར་གཏོད་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་པའི་སྣང་བ་དང་བདེ་སྐྱིད་སྣང་བ། བདེ་འཇགས་སྣང་བ་ཇེ་མཐོར་གཏང་དགོས། ཏང་ནན་གྱིས་སྐྱོང་བ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཛིན་པ། ཏང་གི་འཛུགས་སྐྱོང་ཁག་ཡག་པོ་བསྒྲུབ་པ། ཀྲོའུ་ཡུང་ཁང་གི་ངན་ཤུགས་རྩ་མེད་དུ་གཏོང་བ། ཕུའོ་པའོ་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་དོན་ལ་གོ་བ་ཟབ་མོ་བླངས་ནས། རུལ་སུངས་བྱེད་མི་ཕོད་པ་དང་བྱེད་མི་ཐུབ། བྱེད་མི་འདོད་པའི་ཡུན་ཕན་ནང་རྐྱེན་སྒྲིག་འཛུགས་བྱས་ཏེ། སི་ཁྲོན་གྱི་ཆབ་སྲིད་ཁོར་ཡུག་ཇེ་ཡག་དང་བརྟན་པོ་ཡོང་བར་བྱ་དགོས་ཞེས་གསུངས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1