ཟུང་ཆུའི་སྡེ་བ་ལྔ2018ལོའི་ཞིང་ཆེན་གྱི་བཟང་བཞིའི་སྡེ་གྲལ་ཏུ་ཚུད།
བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-23
ཉེ་ཆར། ཞིང་ཆེན་ཏང་ཨུའི་ཞིང་ལས་གཞུང་ལས་ཁང་དང་ཞིང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཤེས་དཔལ་གཞུང་ལས་ཁང་བཅས་ཀྱིས《ཀྲུང་གུང་སི་ཁྲོན་ཞིང་ཨུའི་གཞུང་ལས་ཐིང་དང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་〈ཞིང་ཆེན་རིམ་པའི་བཟང་པོ་བཞི་ཡི་སྡེ་བ་གསར་བསྐྲུན་གྱི་བྱེད་སྒོའི་ལས་དོན་བྱེད་ཐབས།〉 གི་བརྡ་ཐོ།》( སི་ཁྲོན་ཞིང་ཨུའི་ཐིང་[2016]ཨང་70པ།)ཡི་བླང་བྱར་གཞིགས་ནས། གྲོང་ཁྱེར་(ཁུལ།)ཁག་གིས་དཔྱད་འདེམ་འོས་སྦྱོར་བྱས་པའི་རྨང་གཞིའི་སྟེང་། ཞིབ་བཤེར་ནན་མོ་བྱས་པ་བརྒྱུད། སྡེ་བ་སྟོང་གཉིས་2018ལོའི་ཞིང་ཆེན་རིམ་པའི་བཟང་པོ་བཞི་ཡི་སྡེ་བ་ལ་དཔྱད་འདེམ་གཏན་འབེབས་བྱེད་རྩིས་ཡོད་ལ། དེའི་ཁྲོད་རྔ་བ་ཁུལ་ཟུང་ཆུ་རྫོང་གི་སྡེ་བ་ལྔ་གྲས་སུ་ཚུད་པ་དང་། དེ་དག་ནི་རེ་རེ་བཞིན་བཙན་མདོ་སྡེ་བ་དང་ཏ་ཝན་སྡེ་བ། གཞན་འཁྱམ་སྡེ་བ། ཤིང་བལ་སྟེང་སྡེ་བ། བར་རོང་སྡེ་བ་བཅས་ཡིན་ནོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1