ཛམ་ཐང་གིས་ཚན་རྩལ་དབུལ་སྐྱོར་དང་དཔེ་སྟོན་རྣམ་གྲངས་མཛད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 01-24


        ཉེ་ལམ། རྐ་མདའ་ཡུལ་ཚོའི་སྡ་རུ་སྡེ་བའི་ཚན་རྩལ་དབུལ་སྐྱོར་སྨན་རྫས་ཀྱི་ཕྱོགས་བསྡུས་རྟེན་གཞི་འཛུགས་སྐྲུན་གྱི་ལག་རྩལ་འདུས་གྲུབ་དང་དཔེ་སྟོན་རྣམ་གྲངས་ཐད་ཀྱི་ངལ་ལས་འགྲོ་གྲོན་གཏོང་བའི་མཛད་སྒོ་སྤེལ། 
        2018ལོའི་ཟླ་གསུམ་པར། རྐ་མདའ་ཡུལ་ཚོའི་མཉམ་འབྲེལ་འགོ་ཁྲིད་དང་རོགས་སྐྱོར་ལས་ཁུངས། ལས་དོན་ཚོགས་པའི་ཞིང་ལས་མཁོ་སྤྲོད་བསྒྱུར་བཅོས་བྱེད་པ་གཙོར་བཟུང་ནས་སྡ་རུ་སྡེ་བ་དང་བསྟུན་པའི་སྒོ་ནས་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནང་འདྲེན་བྱས་པ་དང་། ཀུང་སི་དང་གནས་གཞི། ཞིང་ཁྱིམ་གྱི་རྣམ་པ་བརྒྱུད་ནས་སྡ་རུ་སྡེ་བ་དང་བྲག་འགོ་སྡེ་བ་ནས་ས་མུའུ་༡༥༠གླས་ཏེ། གོམ་གང་མདུན་སྤོས་སྒོས་ཞིང་ལས་ཕན་འབྲས་དང་ཞིང་བའི་ཡོངས་འབབ་མཐོར་འདེགས་བཏང་། 
        རྩ་པད་མ་དང་ལུག་མཉེ་མེ་ཏོག་སོགས་ནི་ལོ་མང་བོའི་ནང་སླར་སྐྱེ་སླ་བའི་རྩི་ཤིང་ཞིག་ཡིན་པ་མ་ཟད། ཀྲུང་དབྱི་སྨན་རྫས་ཡང་ཡིན། རྩ་པད་མ་སྐྱེ་བའི་དུས་ཡུན་ནི་ལོ་བཞི་ཡིན་ལ་ལོ་དང་པོ་ནས་གསུམ་པའི་བར་ནི་སྐྱེ་བའི་སྐབས་ཡིན་ལ། ལོ་བཞི་ལ་སླེབས་མ་ཐག་ཧྲིལ་སྐམ་བྱས་ནས་བཙོང་ཆོག་པ་ཡིན། སྨན་རྩ་འདི་འདེབས་འཛུགས་བྱས་མ་ཐག་ལོ་དེར་འབྲས་བུ་མེད་མོད། ལོ་གསུམ་ལ་འདེབས་འཛུགས་བྱས་པ་བརྒྱུད་ནས་ཞིང་ཁྱིམ་གྱིས་ཀྲུང་དབྱི་སྨན་རྩིས་འདེབས་འཛུགས་ལག་རྩལ་བྱང་ཆུབ་པ་དང་། རྩ་པད་མ་དང་ལུག་མཉེ་མེ་ཏོག་ནི་ཀྲུང་དབྱི་སྨན་རྫས་ཞིག་ཡིན་པའི་ཆ་ནས་ཚོང་རའི་འདོད་བློ་སྐུང་མི་ཐུབ་ཀྱང་ཕྱུག་འགྱུར་དུ་བསྐྱོད་པའི་ལམ་བུ་ཡག་པོ་ཞིག་ཡིན། 
        རྒྱུས་ལོན་པ་ལྟར་ན། ཀུང་སིས་2019ལོར་འཆར་འགོད་བྱས་ནས་སྣ་འཛོམས་གནས་གཞི་ས་མུའུ་120རྒྱ་བསྐྱེད་བཏང་ནས་ཐོན་ལས་རྣམ་གྲངས་འདི་རྒྱ་ཆེ་རུ་བཏང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1