ལྗང་མདོག་སླར་གསོ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས།

ཚུལ་ཁྲིམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-24


     2018ལོའི་ཟླ11པའི་ཟླ་མགོར། ཝུན་ཁྲོན་རྫོང་ནགས་ལས་སྤྱི་བདེ་ཅུས་ཀྱིས2018ལོའི་ནགས་སྲུང་གི་ཆེད་དོན་བྱེད་སྒོ་རུ།རང་བྱུང་གི་ནགས་ཚལ་གཅད་པ་དང་། ཤིང་བརྐུས་པ་བཅས་ཀྱི་གྱོད་གཞི་རྩད་གཅོད་བྱས་པར་མ་ཟད།རྫོང་ཞིབ་དཔྱོད་ཁང་དུ་ཞུ་གཏུག་བྱས། དོགས་ཡོད་ཉེས་ཅན་མི་སྣ་ཅང་ཆེ་གེ་མོ་དང་། ཝང་ཆེ་གེ་མོ་གཉིས་ཀྱིས་རང་རང་གི་ཉེས་པའི་ལན་དུ་ཤུག་པའི་སྡོང་རྐང་བཞི་བཅུ་གསར་འཛུགས་བྱེད་ཆོག་པའི་རེ་བ་ཞུས་ཤིང་། ཞིབ་དཔྱོད་ཁང་གིས་ཀྱང་རེ་བ་དེ་ཉིད་ཉེས་ཆད་གཅོད་ཚད་ཡང་དུ་གཏོང་བའི་གཞི་འཛིན་ས་བྱས།
       ཟླ11པའི་ཚེས13ཉིན།ཝུན་ཁྲོན་རྫོང་མི་དམངས་ཁྲིམས་ཁང་དང་། རྫོང་མི་དམངས་ཞིབ་དཔྱོད་ཁང་། རྫོང་ཁོར་ཡུག་དང་ནགས་སྲུང་ཅུས། རྫོང་ནགས་ལས་ཉེན་རྟོག་ཅུས་བཅས་ཀྱི་འགན་འཛིན་མི་སྣ་དང་།གྱོད་དོན་རྩད་ཞིབ་ཀྱི་མི་དམངས་ཉེན་རྟོག་པ་བཅས་ཁྱོན་མི་དགུ་མེན་ཁྲི་གྲོང་རྡལ་ཆའང་ཧྥེང་སྡེ་བར་ཡོད་པའི་ཝུན་ཁྲོན་རྫོང་ཁོར་ཡུག་དང་ནགས་སྲུང་ཅུས་ཀྱི་སྡོང་འཛུགས་དང་ལྗང་མདོག་བསྐྱར་གསོའི་རྟེན་གཞིར་འོང་བ་དང་ང་། དོགས་ཡོད་ཉེས་ཅན་མི་སྣ་ཅང་ཆེ་གེ་མོ་དང་། ཝང་ཆེ་གེ་མོ་གཉིས་ཀྱིས་རང་རང་གི་རེ་བ་ཇི་བཞིན་སྡོང་བོ་འཛུགས་པའི་ཆད་གཅོད་ཀྱི་གོ་རིམ་ཧྲིལ་པོར་ལྟ་རྟོག་བྱས།
       ནགས་དང་འབྲེལ་བའི་དོགས་ཡོད་ཉེས་ཅན་མི་སྣས་སྡོང་བོ་གསབ་འཛུགས་ཀྱི་སྤྱོད་པ་དེས། ཉེས་ཅན་གཅིག་རྩད་ཆོད་པ་དེས་མི་མང་པོར་སློབ་གསོ་གཏོང་ཆོག་པའི་དམིགས་ཡུལ་འགྲུབ་པ་བྱས་ཤིང་། གྱོད་གཞི་ཞིབ་གཅོད་བྱེད་པའི་བཅའ་ཁྲིམས་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་མངོན་འགྱུར་བྱས། རྗེས་ཀྱི་བྱ་བའི་ཁྲོད་དུ། ཝུན་ཁྲོན་རྫོང་ནགས་ལས་སྤྱི་བདེ་ཅུས་ཀྱིས་རྫོང་ཞིབ་དཔྱོད་ཁང་དང་། རྫོང་ཁྲིམས་ཁང་། རྫོང་ཁོར་ཡུག་དང་ནགས་སྲུང་ཅུས་སོགས་ཀྱི་ལས་ཁུངས་རྣམས་དང་འབྲེལ་བ་དམ་ཟབ་བྱས་ཏེ། ཡུན་རིང་ལ་ཕན་འབྲས་ཆེ་བའི་སྐྱེ་ཁམས་སླར་གསོ་ལྟ་སྐུལ་གྱི་ལམ་ལུགས་བཙུགས་ཏེ།སྡོང་བོ་གསབ་འཛུགས་དང་། ལྗང་མདོག་སླར་གསོ་ལག་བསྟར་བྱེད་པའི་གནས་ཚུལ་དང་།དེའི་སྤུས་ཀ་སོགས་ལ་ལྟ་རྟོག་བྱས་ཏེ། གནོད་པ་ཐེབས་པའི་སྐྱེ་ཁམས་སླར་གསོ་དོན་ཐོག་ཏུ་དབབ་པར་འགན་ལེན་བྱས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1