ཉེ་ཆར། སྤྱི་བདེ་པུའུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས་མཉམ་དུ་གཉེར་བའི་“དམངས་སེམས་གཅིག་སྒྲིལ་གྱི་ལྕགས་རིས་རིག་པའི་དཔལ་ཡོན་བསྲུང་།—རྒྱལ་ཡོངས་ཀྱི་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དོགས་ཟོན་གྱི་གྲུབ་འབྲས་འགྲེམས་སྟོན་”དེ་ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་གི་འགྲེམས་ཁང་བྱང་མ་16པ་དང་བྱང་མ་19པའི་ནང་དུ་འགྲེམས་སྟོན་བྱས།
ཐེངས་འདིའི་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དོགས་ཟོན་གྱི་གྲུབ་འབྲས་འགྲེམས་སྟོན་ནི་རིག་དངོས་བདེ་འཇགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས། རིག་དངོས་ཉེས་གསོག་ལ་རྡུང་རྡེག་ཤུགས་ཆེན་གཏོང་བ་དང་དོགས་ཟོན་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས། “རིག་དངོས་ཐེངས་མང་རྐུས་ལ་ཤོར་བ་”དང་“རིག་དངོས་ཉེས་གསོག་ལ་རལ་གྲི་འཕྱར་བ་”“ཉེན་ཟོན་དྲན་བརྡ་བརྒྱབ་ནས་མཉམ་དུ་ལྕགས་རི་བསྐྲུན་པ་”བཅས་ལེ་ཚན་ཆེན་པོ་གསུམ་གྱིས་གྲུབ་པ་ཡིན། བོད་ལྗོངས་ལྷོ་ཁའི་“8.18”རིག་དངོས་རྐུས་ཤོར་རྩད་ཆོད་པའི་རིག་དངོས་13ཁག་དང་པོར་འགྲེམས་སྟོན་བྱས་ཡོད།
ལྟད་མོ་བས་འགྲེམས་སྟོན་བྱས་པའི་བོད་ལྗོངས་ལྷོ་ཁའི་“8.18”རིག་དངོས་རྐུས་ཤོར་འབྲེལ་ཡོད་རིག་དངོས་ལ་བལྟ་བཞིན་པ།
བོད་ལྗོངས་ལྷོ་ཁའི་“8.18”རིག་དངོས་རྐུས་ཤོར་གྱོད་གཞིའི་ཁྲོད་གཞུང་བཞེས་བྱས་པའི་མེ་མདའ་དང་རྫས་མདེལ།
2017ལོའི་ཟླ་8ཚེས་18ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གསང་འཕྲིན་གལ་ཆེན་ཞིག་ཤེས་རྟོགས་བྱུང་། ཁྲིམས་འགལ་བས་ཉེ་དུས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་དུ་རིག་དངོས་བརྐུ་སློག་གྲ་སྒྲིག་བྱེད་བཞིན་ཡོད། ཟླ་7ཙམ་གྱི་རིང་ལ་བསྟུད་མུར་འབད་འཐབ་བྱས་མཐར་ཆེད་དོན་གྱོད་གཞི་ཚོགས་ཆུང་གིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་དང་ཆུ་གསུམ་བཅས་རྫོང་དང་ཁུལ་12དང་དེ་བཞིན་ལྷ་ས། གཞིས་རྩེ་སོགས་ས་ཁུལ་དུ་རིག་དངོས་རྐུ་བ་དང་རིག་གནས་རྗེས་ཤུལ་རྐུ་སློག་བྱེད་པའི་ཉེས་ཅན་ཚོགས་པ་རྩ་གཏོར་བྱས། ནག་ཚོགས་ཀྱི་ཁོངས་མི་མང་ཆེ་བ་ནི་མེ་མདའ་དང་འབར་རྫས་སོགས་མཚོན་ཆ་བཟུང་ཡོད་པའི་བསམ་ངན་ཧམ་ཅན་མཇུག་འབྲས་ཅི་ཡང་མི་བསམ་མཁན་ཏག་ཏག་ཡིན། མིག་སྔར་དོགས་ཡོད་ཉེས་ཅན་21དང་རྐུས་དངོས་ཉོ་ཚོང་མཁན་13བཅས་ཚང་མ་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་བ་དང་། རིག་དངོས་311རྩད་ཆོད་བདག་སྤྲོད་བྱུང་། དེའི་ཁྲོད་རིམ་པ་གཉིས་པའི་རིག་དངོས་37དང་། རིམ་པ་གསུམ་པའི་རིག་དངོས་119ཡོད།
བོད་ལྗོངས་ལྷོ་ཁའི་“8.18”རིག་དངོས་རྐུས་ཤོར་རྩད་ཆོད་པའི་རིག་དངོས། དུས་རབས་13-14པའི་མི་བསྐྱོད་པའི་ཚྭ་ཚྭ།
བོད་ལྗོངས་ལྷོ་ཁའི་“8.18”རིག་དངོས་རྐུས་ཤོར་རྩད་ཆོད་པའི་རིག་དངོས། དུས་རབས་11-12པའི་ཟངས་ཀྱི་རྡོ་རྗེ་ཕག་མོའི་དཀྱིལ་འཁོར།
བོད་ལྗོངས་ལྷོ་ཁའི་“8.18”རིག་དངོས་རྐུས་ཤོར་རྩད་ཆོད་པའི་རིག་དངོས། དུས་རབས་12-13ཟངས་ཀྱི་ཁྲོ་བོ་མི་གཡོ་བའི་བཞེངས་སྐུ།
ལྟད་མོ་བས་འགྲེམས་སྟོན་བྱས་པའི་བོད་ལྗོངས་ལྷོ་ཁའི་“8.18”རིག་དངོས་རྐུས་ཤོར་འབྲེལ་ཡོད་རིག་དངོས་ལ་བལྟ་བཞིན་པ།
རྒྱུས་ལོན་བྱུང་བ་ལྟར་ན། 2018ལོའི་ཟླ་7པར། རྒྱལ་ཡོངས་སུ་“རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དོགས་ཟོན་བྱེད་”པའི་ཆེད་དོན་ལས་དོན་སྤེལ་ཚུན། བོད་ཀྱིས་གྱོད་གཞི་30རྩད་ཆོད་བྱུང་། དོགས་ཡོད་ཉེས་ཅན་56འཛིན་བཟུང་བྱས། ནག་ཚོགས་པ་5རྩ་གཏོར་བཏང་། ཁྱོན་རིག་དངོས་158རྩད་ཆོད་བདག་སྤྲོད་བྱུང་། དེའི་ནང་རིམ་པ་གཉིས་པའི་རིག་དངོས་7དང་རིམ་པ་གསུམ་པའི་རིག་དངོས་37ཡོད་པ་དང་། སྤྱིར་བཏང་གི་རིག་དངོས་111ཡོད། གྱོད་གཞི་དང་འབྲེལ་བའི་མ་དངུལ་བསྡོམས་པའི་སྒོར་21.07ཟིན།