དཀར་མཛེས་ས་ཁུལ་དུ་འདི་འདྲའི་བཤད་རྒྱུན་ཞིག་ཡོད་དེ། ནམ་ཞིག་གི་ཚེ་ན། གྱི་ལིང་རྟ་ཕོ་སྡོང་སྐམ་ཏུ་གྱུར་ཞིང་། དཀར་མོ་ལུག་ཆུང་རྡོ་བ་རུ་གྱུར་ནས། གངས་རི་ཞུ་ཞིང་། ཆུ་དང་གཙང་པོའི་རྒྱུན་ཆད་དེ། གནམ་གྱི་སྐར་མའི་འོད་ཉམས་པ་དང་ཁྲི་གདུགས་ཉི་མའི་མདངས་ཉམས་རུང་། གེ་སར་སྒྲུང་གི་རྒྱུན་མི་ཆད་ཅེས་པའོ། །
དཀར་མཛེས་ས་ཁུལ་གྱི་དཀར་མཛེས་རྫོང་ནི། རིག་གནས་རྒྱ་ཆེ་བའི་ས་ཆ་ཞིག་ཡིན། གནས་འདིར། ལོ་རྒྱུས་སྙན་ངག་རིང་མོ་དང་དམངས་སྲོལ་རིག་གནས། ཚོང་ལས་རིག་གནས། ཆོས་ལུགས་རིག་གནས། ལོ་རྒྱུས་རིག་གནས་སོགས་རིག་གནས་སྣ་མང་འདུས་ཡོད། འདི་ཡང་གེ་སར་རིག་གནས་ཀྱི་འབྱུང་ཁུངས་ཡིན་པའི་ཆ་ནས། གནས་འདིར་རྒྱ་ཆེ་ལ་སྣ་མང་བའི་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཡོད་ལ། རྗོང་འདིའི་ས་ཆ་སོ་སོར་གེ་སར་རྒྱལ་པོའི་ངག་རྒྱུན་དང་ཤུལ་བཞག་མང་པོ་ཡོད། དཀར་མཛེས་རྗོང་གིས་རིག་གནས་ཀྱི་རྨང་གཞི་ཟབ་མོ་འདི་བེད་སྤྱད་དེ། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་ལ་ཤུགས་སྣོན་དགོས་པ་དང་། རིག་གནས་ལ་བསྔོག་འདོན་གཏིང་ཟབ་དང་ལས་གཞི་ལ་ཇུས་འགོད་ཁྱད་དུ་འཕགས་པ་ཞིག་བྱས་ནས། གེ་སར་མཁར་གྲོང་ཞིག་སྟེ། རྒྱུན་སྲོལ་མང་བའི་དཀར་མཛེས་རྫོང་སྐྲུན་བཞིན་ཡོད།
ལོ་རྒྱུས་ཀྱི་རྒྱུན། ལོ་རྒྱུས་ལ་ཕྱིར་དྲན་བྱས་ཏེ། ལོ་རྒྱུས་དང་བར་ཐག་ཉེ་རུ་གཏོང་བ།
རིག་གནས་ཀྱི་རྒྱུན། རིག་གནས་ཀྱི་གར་སྟེགས་ཆེན་མོ། རིག་གནས་ཀྱི་འཕེལ་རྒྱས་དང་བརྒྱུད་འཛིན།
ཤེས་ཡོན་པའི་རྒྱུན། སྲོལ་རྒྱུན་གྱི་ལག་རྩལ་འགྲེམ་སྟོན་དང་འབྲེལ་འདྲིས་ཀྱི་སྟེགས་བུ་བསྐྲུན་པ། ལག་རྩལ་བརྒྱུད་འཛིན་པ་གསོ་སྐྱོང་གི་སྤྲོ་གླེང་ཁང་འཛུགས་པ།
དཔལ་འབྱོར་གྱི་རྒྱུན། རིག་གནས་དང་དཔལ་འབྱོར་ཟུང་དུ་སྦྲེལ་ནས། མཇུག་མཐར། དཀར་མཛེས་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་བྱ་དགོས།
甘孜州甘孜县文化积淀深厚,是多元文化汇集之地,集合格萨尔了史诗文化、民俗文化、商贸文化、宗教文化和历史文化。甘孜县域内许多格萨尔王的传说和遗迹。该县依托这一深厚的文化基底,以全域旅游助推脱贫攻坚,通过文化的深度挖掘和项目的独特设计,规划打造了格萨尔王城。
今年,格萨尔王城将与甘孜格萨尔机场同步建成投用,成为藏族文化与现代文明交融的文化旅游综合体、康巴全城旅游的展示窗口,让世界更加了解格萨尔文化。