དཀར་མཛེས་རྫོང་ཁོ་ནར་ཡོད་པའི་གེ་སར་མཁར་རྫོང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28


གེ་སར་སྒྲུང་ནང་དུ་གླིང་གི་དཔལ་རྟུལ་སུམ་ཅུ་ལ་མཁར་རྫོང་སུམ་ཅུ་ཡོད་པར་བཤད་མོད། དཀར་མཛེས་རྫོང་གིས་རང་སྟེང་གི་གནས་ཚུལ་ལ་གཞིགས་ནས། མཁར་རྫོང་དེ་གཞིས་སྒར་དུ་བཅོས་པ་ཡིན། འདིས་ལོ་རྒྱུས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ལོ་རྒྱུས་ཀྱི་བཀག་རྒྱ་ལས་ཐར་བར་བྱས་ཡོད་པ་དང་། རིག་གནས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་རིག་གནས་གསར་བསྐྲུན་དང་དར་སྤེལ་བཏང་ཡོད་ལ། སྲོལ་རྒྱུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་སྲོལ་རྒྱུན་ལས་ཐོད་བརྒལ་ཡོད་པ་མངོན་འགྱུར་བྱུང་ཡོད། དཀར་མཛེས་རྫོང་གི་གེ་སར་མཁར་གྲོང་ནང་དུ་དཔལ་རྟུལ་སུམ་ཅུ་གཞིས་སྒར་རེ་རེ་བཞིན་བཞེངས་ཡོད། དེ་ཡང་བོད་ཀྱི་དེང་རབས་ལྷ་བཟོ་བ་ཆེན་མོ་ལེགས་སྨོན་ལགས་ཀྱིས་གེ་སར་སྒྲུང་ནང་གི་དཔའ་རྟུལ་སུམ་ཅུ་རྗོང་མཁར་སྐོར་གྱི་ནང་དོན་གཞིར་བཟུང་ནས། རྗོང་མཁར་ཁྲོད་ཀྱི་འཛུགས་སྐྲུན་ཚན་པ་རེ་རེར་ཇུས་འགོད་གནང་བ་ཡིན། དེས་ཀྱང་། སྒྲུང་ནང་གི་དཔའ་རྟུལ་སུམ་ཅུའི་སྐུ་བརྙན་དང་དེ་དག་གི་གཞིས་སྒར། གེ་སར་རྒྱལ་པོའི་སེང་འབྲུག་སྟག་རྩེའི་ཕོ་བྲང་སོགས་སྔ་ན་མེད་པ་ཞིག་ལྟད་མོ་བ་དག་གི་མིག་མདུན་དུ་བསྟན་པ་མ་ཟད། ཁོང་ཚོས་དེར་ཟབ་ཞུགས་དང་མྱོང་ཞིབ་བྱས་ཆོག །འདིས་གེ་སར་ཞིབ་འཇུག་གི་གྲུབ་འབྲས་ལ་ཐོད་བརྒལ་ཡང་བྱས་ཡོད་དེ།

ཚང་མས་ཤེས་གསལ་ལྟར། བོད་ཁུལ་ཡོངས་སུ། གེ་སར་གྱི་སྐུ་བརྙན་དང་བཤམས་སྟོན་ཁང་། འགྲེམ་སྟོན་ཁང་། རྡོ་བརྐོས། ཐང་ག་རི་མོ་སོགས་མང་པོ་ཡོད་མོད། སེང་འབྲུག་སྟག་རྩེ་ཕོ་བྲང་དང་དཔའ་རྟུལ་སུམ་ཅུའི་གཞིས་སྒར་སོགས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཡོད་པ་ནི་མིག་སྔར་དཀར་མཛེས་རྫོང་གཅིག་པུར་མ་གཏོགས་མེད་ཅིང་། དེར་ཡང་རྒྱལ་ཁབ་ཀྱི་ཆེད་ཁེ་རེ་ཞུ་བྱས།

བོད་ཀྱི་ས་ཁུལ་གཞན་དག་ཏུ། གེ་སར་སྒྲུང་མཁན་དང་གེ་སར་གྱི་གནའ་ཤུལ། གཞི་རྒྱ་ཆེ་བའི་གེ་སར་རྟ་རྒྱུགས་སོགས་མང་དུ་ཡོད་མོད། གེ་སར་རིག་གནས་ཀྱི་ཐོན་ལས་ཤིག་སྤེལ་མྱོང་མེད་པ་དང་གེ་སར་རིག་གནས་ཀྱི་མིང་བྱང་ཞིག་དེ་ལས་ཀྱང་གྲུབ་མེད། ཡིན་ནའང་། དཀར་མཛེས་རྫོང་ནི་གེ་སར་རིག་གནས་ཀྱི་ལྟེ་བའི་ས་ཁོངས་ཤིག་ཡིན་པའི་ཆ་ནས། གང་མགྱོགས་སྒོས་དབུལ་སེལ་འགག་སྒྲོལ་གྱི་སྲིད་ཇུས་ཀྱི་བབ་དང་བསྟུན་ཏེ། གེ་སར་རིག་གནས་གྲོང་བརྒྱའི་ཐོན་ལས་གནས་གཞི་འཛུགས་པར་ནུས་ཤུགས་ཡོད་རྒུ་འདོན་པ་དང་། གེ་སར་རིག་གནས་ཀྱི་མིང་བྱང་བསྐྲུན་པ་འདི་ནི་དངོས་ཡོད་ཀྱི་གདམ་གསེས་ཤིག་ཡིན་ལ། དཀར་མཛེས་རྫོང་གི་དབུལ་སེལ་ཕྱུག་འགྱུར་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1