དཔྱིད་སར་དུས་ཆེན་སླེབས་ལ་ཉེ་བའི་དུས་འདིར། ཟུང་ཆུ་རྫོང་དུ་ཕྱོགས་ཡོངས་ལོ་སར་གྱི་བྲེལ་བས་ཁེངས་འདུག 2019ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཉིན་གཅིག་ཏུ་ཁེལ་ཞིང་། ཚོང་ཁྲོམ་མི་ཚོགས་ཀྱིས་གང་བ་དང་། ཚོང་རྫས་ཀྱི་སྣ་མང་ཞིང་ཚོང་ཟོག་ཤིན་ཏུ་བྲིན་བཞིན་ཡོད།
ལོ་སར་སྐྱིད་པོ་ཞིག་རོལ་འདོད་ན་ལོ་སར་ཅ་ལག་ནི་མེད་དུ་མི་རུང་བ་ཞིག་ཡིན། ཉིན་འདི་ཚོར། ཟུང་ཆུ་རྫོང་མཁར་དུ་འདུ་འཛི་ལྷག་ཏུ་ཆེ་ལ། རོང་འབྲོག་མང་ཚོགས་ཀྱི་ལོ་སར་གྱི་བདེ་སྐྱིད་རོལ་བའི་འདུན་པ་ལྷག་ཏུ་དྲག ཟུང་ཆུ་རྫོང་གི་སྲང་ལམ་དང་ཚོང་ར། སྡེབ་འཚོང་ཁང་སོགས་གང་ས་གང་དུ་ལོ་སར་ཅ་ལག་ཉོ་བར་བྲེལ་བཞིན་པར་མ་ཟད། དགའ་སྤྲོ་འུར་ཟིང་གི་རྣམ་པས་ཁེངས་འདུག
ཉེ་བའི་ལོ་ཤས་རིང་། ཏང་གི་སྲིད་ཇུས་བཟང་བོའི་འོག རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་ཇེ་བཟང་ཇེ་ལེགས་སུ་སོང་སྟེ། ཡོང་འབབ་མང་དུ་སོང་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།
སྲང་ལམ་གོང་འོག་བར་གསུམ་དུ། མི་རེ་རེའི་དགའ་བའི་འཛུམ་མདངས་མཐོང་ཐུབ་ལ། སྤྲོ་བའི་དགོད་སྒྲ་ཐོས་ཐུབ། དུས་ཆེན་གཉིས་འཛོམས་བསུ་བར་གྲ་སྒྲིག་གྱ་ནོམ་པ་བྱེད་བཞིན་གདའ།