དགུན་དུས་རྐང་པ་སྦངས་སྐབས་གཟབ་ད གོས་པའི་གནད་བདུན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-30


ང་ངར་ཆེ་བའི་དགུན་ཁར་མི་རྣམས་དགོང་མོར་ཉལ་ཁར་ཆུ་དྲོན་མོས་རྐང་པ་སྦངས་པའམ་རྐང་པ་བཀྲུ་བའི་སྲོལ་ཡོད་པ་དང་། དེས་ཉིན་གཅིག་གི་ངལ་དུབ་སེལ་ཐུབ་པར་མ་ཟད་མིའི་ལུས་པོའི་བདེ་ཐང་ལའང་ཕན་པ་ཆེན་པོ་ཡོད་པ་རེད། མི་རྣམས་ཀྱི་ལུས་ཁམས་གསོ་བའི་འདུ་ཤེས་རིམ་བཞིན་མཐོར་འདེགས་སུ་ཕྱིན་པ་དང་བསྟུན་ནས་དགུན་ཁར་ཆུ་དྲོན་མོས་རྐང་བ་སྦངས་ནས་ལུས་ཁམས་གསོ་བའི་ཕན་ནུས་ལའང་དོ་སྣང་བྱེད་བཞིན་ཡོད་པ་རེད། འདིར་ཆུ་དྲོན་མོས་རྐང་བ་སྦངས་སྐབས་གཟབ་དགོས་པའི་གནད་བདུན་རེ་རེ་བཞིན་ངོ་སྤྲོད་བྱེད་པར་བྱ།

དང་པོ། སྦངས་ཡུན་སྐར་མ་20ནས་30བར་ཡིན་དགོས།

最佳时长20—30分钟

རྐང་པ་སྦོང་ཡུན་རིང་དྲགས་ན་མི་ལེགས་ཏེ། སྐར་མ་20ནས་30བར་དུ་སྦངས་ན་འཚམས། རྐང་པ་སྦོང་ཡུན་སྐར་མ་20ལ་མ་སླེབས་ན་ལུས་ཁམས་བདེ་སྲུང་གི་ནུས་པ་ཐོན་མི་ཐུབ། འོན་ཀྱང་སྦོང་ཡུན་རིང་དྲགས་ཁྲག་རྩ་ཡུན་རིང་སྦོས་པས་ལུས་ལ་མི་ཕན་པར་མ་ཟད། རྐང་པའི་ལྤགས་པ་ལ་གནོད་པ་འབྱུང་སྲིད།

གཉིས་པ། ཆུའི་དྲོད་ཚད་40 ནི་ཆེས་འཚམས་པ་ཡིན།

最佳水温在40℃

ཆུའི་དྲོད་ཚད་ཧ་ཅང་མཐོ་མི་རུང་། མི་མང་པོ་ཞིག་གིས་བཟོད་སྲན་ཐུབ་ཚེ་ཆུའི་དྲོད་ཚད་ཇི་ལྟར་མཐོ་ན་དེ་ལྟར་ལེགས་པར་འདོད་ཀྱང་དོན་དངོས་སུ་དེ་ལྟར་མིན། རྐང་པ་སྦོང་པའི་ཆུའི་དྲོད་ཚད་ཆེས་འཚམས་པ་ནི་40་ཡས་མས་ཡིན་ལ། མིའི་ལུས་དྲོད་ལས་ཅུང་མཐོ་ན་ལེགས་ཤིང་། ལག་པས་ཆུའི་དྲོད་ཚད་ལ་བརྟག་མི་རུང་བར་རབ་ཡིན་ན་རྐང་པས་དྲོད་ཚད་ལ་བརྟག་དགོས། གལ་ཏེ་ཆུའི་དྲོད་ཚད་མཐོ་དྲགས་ན་རྐང་པའི་ཁྲག་རྩ་སྦོས་པ་ཚད་ལས་བརྒལ་ཞིང་ལུས་ཀྱི་ཟུངས་ཁྲག་རྐང་པའི་ཕྱོགས་སུ་བཞུར་ནས་སྙིང་དང་ཀླད་པ། མཁལ་མ་སོགས་ལུས་ཀྱི་དོན་སྣོད་གལ་ཆེན་དག་ལ་ཁྲག་གིས་མི་འདང་བའི་སྣང་ཚུལ་འབྱུང་བས། ལུས་པོའི་བདེ་ཐང་ལ་དགེ་མཚན་མེད།

གསུམ་པ། ཆུ་ཧ་ཅང་ཉུང་མི་རུང་།

水量不可太少

རྐང་པ་སྦོང་བ་ནི་རྐང་པ་བཀྲུ་བ་དང་མི་འདྲ་པས། རབ་ཡིན་ན་ཆུ་མང་ཙམ་བླུགས་ནས་པུས་མོའི་འཕང་ལོའི་བར་དུ་མ་སླེབས་པ་ཙམ་དགོས་ལ། དེ་ལྟར་བྱས་ན་རྐང་པ་དང་རྐང་ལྡེབས་ཀྱི་གསང་མིག་ལ་ནུས་པ་ཐོན་ཐུབ།

བཞི་པ། ཟ་མ་ཟོས་རྗེས་ཆུ་ཚོད་ཕྱེད་ཀའི་ནང་རྐང་པ་སྦོང་མི་རུང་།

饭后半小时内不宜泡脚

ཟ་མ་ཟོས་རྗེས་ཆུ་ཚོད་ཕྱེད་ཀའི་ནང་རྐང་པ་སྦངས་ན་ཕོ་ཁའི་ཁྲག་འཁོར་རྒྱུགས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ལ། ཡུན་རིང་དེ་ལྟར་བྱས་ན་ལུས་ཀྱི་འཚོ་བཅུད་ལ་གནོད་ངེས། ཟ་མ་ཟོས་རྗེས་ལུས་ཀྱི་ཟུངས་ཁྲག་མང་ཤོས་འཇུ་ལམ་དུ་བཞུར་བས། གལ་ཏེ་ཟས་ཟོས་མ་ཐག་ཆུ་ཚན་དུ་རྐང་པ་སྦངས་ཚེ་འཇུ་བྱེད་མ་ལག་ཏུ་བཞུར་འོས་པའི་ཟུངས་ཁྲག་དག་རྐང་པའི་ཕྱོགས་སུ་བཞུར་ཞིང་། དུས་ཡུན་རིང་པོ་འགོར་ན། ཟས་འཇུ་བསྡུ་ལེན་ལ་ཤུགས་རྐྱེན་ཐེབས་ནས་འཚོ་བཅུད་ཀྱིས་མི་འདང་པའི་གནས་ཚུལ་འབྱུང་སྲིད། དེ་བས། རབ་ཡིན་ན་ཟ་མ་ཟོས་ནས་ཆུ་ཚོད་ཕྱེད་ཀ་འགོར་རྗེས་རྐང་པ་སྦངས་ན་ལེགས།

ལྔ་པ། དམིགས་བསལ་ཅན་གྱི་མི་ཚོགས་འདི་རིགས་ཀྱིས་རྐང་པ་སྦོང་མི་རུང་།

特殊人群不宜泡脚

གལ་ཏེ་སྙིང་དང་ཀླད་པའི་ཁྲག་རྩ་ལ་ནད་ཡོད་མཁན་དང་བྱིས་པ། སྦྲུམ་མ་སོགས་དམིགས་གསལ་ཅན་གྱི་མི་ཚོགས་ཀྱིས་ཆུ་ཚན་དུ་རྐང་པ་སྦོང་མི་རུང་ལ། རབ་ཡིན་ན་རྐང་པ་མི་སྦོང་བར་རྒྱུན་དུ་རྐང་པ་བཀྲུ་ན་འགྲིག །གཞན་ཡང་། གཅིན་པ་མངར་འགྱུར་དང་གྲུམ་བུ་ནད་པས་ཆུ་ཚན་གྱིས་རྐང་པ་སྦོང་མི་རུང་།

དྲུག་པ། ཤིང་བཟོས་གཞོང་བའི་ནང་སྦང་དགོས།

浴盆材质选择以木盆为佳

ཤིང་བཟོས་གཞོང་བ་ནི་གཞན་པའི་རྒྱུ་ཆས་བཟོས་པའི་སྣོད་ཆས་ལས་དྲོད་ཡལ་དལ་ཞིང་དུས་ཡུན་རིང་པོར་རྐང་བ་སྦོང་ཐུབ་ཅིང་། འགྱིག་དང་ལྕགས་ཀྱིས་བཟོས་པའི་གཞོང་པས་ལས་ཆུ་དྲོན་མོའི་དྲོད་ཡལ་སླ་བ་ཡིན། གཞན་ཤིང་བཟོས་གཞོང་བའི་ཤིང་ཆས་ལ་ལ་ཞིག་མིའི་ལུས་པོའི་བདེ་ཐང་ལའང་ཕན་པ་ཡིན།

བདུན་པ། གཞོང་པའི་གཙང་སྦྲ་ལ་ཡིད་གཟབ་བྱ་དགོས།

泡桶注意卫生清洁

གལ་སྲིད་རྐང་བ་སྦོང་བྱེད་ཀྱི་གཞོང་པའི་སྙིགས་མ་མ་སེལ་ན་རྐང་བའི་ཕྲ་སྲིན་གཞོང་པོའི་ངོས་སུ་ལུས་ནས་རྐང་པར་གཉན་ཚད་རྒྱས་སྲིད་པས་ཆུ་དྲོན་མོས་རྐང་པ་མ་སྦངས་པའི་སྔོན་དུ་གཞོང་པར་གཙང་སྦྲ་ལེགས་པོ་བྱ་དགོས། །  




རྩོམ་ཡིག་སྔོན་མ།
རིག་གནས་རྣམ་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1