སྤྱི་ཟླ་9པའི་ཚེས་22ཉིན། བོད་ཡིག་གནའ་དཔེ་སླར་གསོ་ལག་རྩལ་གསོ་སྦྱོང་འཛིན་གྲྭ་དེ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དཔེ་མཛོད་ཁང་དུ་བཙུགས། བོད་ལྗོངས་དང་སི་ཁྲོན། ཡུན་ནན་སོགས་ཀྱི་སློབ་མ་32དུས་ཡུན་ཉིན་7ལ་སྤེལ་རྒྱུ་ཡིན་པའི་བོད་ཡིག་གནའ་དཔེ་སླར་གསོ་ལག་རྩལ་གསོ་སྦྱོང་དུ་ཞུགས་རྒྱུ་ཡིན་པ་དང་། བོད་ཡིག་གནའ་དཔེ་སླར་གསོ་ནང་དོན་གཙོ་བོ་ཡིན་པའི་གསོ་སྦྱོང་འདི་རྒྱལ་ཡོངས་ནས་ཐེངས་དང་པོ་རེད། །