བྱིའུ་ཆུང་།
མདའ།(ལན་གྲུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
སྐྲ་འདབས་ནས་འཛར་བའི་རྔུལ་ཆུའི་དྲེག་པ
སྙིང་ཉེ་བའི་ངོ་གདོང་རྫོབ་བྱེད་དུ་གྱུར
ལག་པའི་ནང་གི་མི་གཙང་པ་དག་ཕྱིར་འཛིང་འོང་སྟེ
གཤོག་པ་ཆད་པའི་བྱིའུ་ཞིག་ཡང་ཡང་བསྒུལ
རླུང་ནང་ནས་ཚུར་མཆེད་པའི་སྒྲ་ཟད་པོ
ནགས་ཚལ་གྱི་མུན་པས་བསྲེགས་སོང
བྱིའུ་ཆུང་གིས་གཟེབ་དྲ་བརྟོལ་ནས་འཕུར་ཐབས་བྲལ
དགུན་ཟླ་གསུམ་གྱི་རིང་ངམ་ཡུན་རིང་ཞིག་ལ
ཉི་འོད་ལ་བཙའ་དང་གཡའ་ཆགས་འདུག
མདུན་རྒྱབ་དང་གཡས་གཡོན་གང་རུང་དུ
ངོ་མི་ཤེས་པའི་ཁོ་དང་ཁོ་མོ་ཚོས
རང་རང་གི་ནང་སེམས་སུ་ཁེར་རྐྱང་གི་ནམ་མཁའ་རེ་བྲིས
གས་ཧྲུལ་དུ་སོང་བའི་ནམ་མཁའི་ངོས་སུ
གཟེབ་ཀྱི་བྱིའུ་ཆུང་གི་གཤོག་སྒྲོ་བཅད་ནས་འཕུར་དུ་བཅུག
2017.10.20དབྱི་གྲོང་།